(པར་ངོས་དང་པོར་མཐུད)རྫོང(ཆུས)དང་། ནུས་པའི་གླིང་ཁུལ། འབྲེལ་ཡོད་ཚན་པ་བཅས་ཀྱིས་བསམ་གཞིགས་བྱེད་པ་དང་རྣམ་པ་གསར་གཏོད་བྱས་ཏེ་ཞིང་འབྲོག་ལས་དང་། རིག་གནས་ཡུལ་སྐོར། ལྗང་མདོག་གཏེར་ལས། ནུས་རྒྱུ་གསར་པ། གྲངས་འཛིན་དཔལ་འབྱོར་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས། བསམ་ཕྱོགས་གསར་གཏོད་ཀྱིས་ཚོང་འགུགས་ལ་དམ་འཛིན་བྱས་ཏེ་ཐབས་ལམ་མང་པོའི་སྒོ་ནས་སྦྲེལ་ཐག་སྣུར་སྲིང་དང་། སྦྲེལ་ཐག་གསབ་པ། སྦྲེལ་ཐག་སྟོབས་ཆེན། སྦྲེལ་ཐག་མཉམ་འདྲེས་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ལྷ་སའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བསྟན་ཡོད།
ཚོགས་འདུའི་ཐོག་སྤྱི་པའི་འགྲིམ་འགྲུལ་འཕེལ་རྒྱས་འཆར་འགོད་དང་སྐྱེལ་འདྲེན་བྱེད་ཚད་དམའ་བའི་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་དྲ་བའི་འཆར་འགོད་དེ་གྲོང་ཁྱེར་གྱི་ནུས་པ་འཐུས་ཚང་དུ་གཏོང་རྒྱུ་དང་འབྲེལ་བ་ཡོད་པས། གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་དམིགས་ཚད་མ་ལག་ནང་བཞག་ནས་ཕྱོགས་བསྡུས་ཐོག་བསམ་གཞིགས་དང་། འཆར་འགོད་ལ་དམ་འཛིན། གཅིག་གྱུར་འཆར་འགོད་ལ་བཀོད་གཏོང་། གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བཅས་བྱེད་དགོས་པ་ནན་གྱིས་བསྟན་ཡོད།
ཚོགས་འདུའི་ཐོག་ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་པས། སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ཞབས་ཞུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས《2024ལོའི་གྲོང་ཁྱེར་ཡོངས་ཀྱི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ཞབས་ཞུའི་འགག་སྒྲོལ་བྱ་སྤྱོད་ཀྱི་ལས་འགན་ལས་བགོས་ཇུས་གཞི》གཞིར་བཟུང་། རང་རྟོགས་ངང་ཚད་གཞི་དང་རེའུ་མིག་ལ་གཞིགས་ནས་ལས་ཞུགས་ཐད་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།ལས་འགན་ལྟར་ལས་བགོས་དོན་འཁྱོལ་ཤུགས་ཆེན་བྱས་ཏེ་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ཐུབ་ཚད་མཐོ་རུ་གཏོང་དགོས་པ་བསྟན་ཡོད།
ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社