(པར་ངོས་དང་པོར་མཐུད)མིག་སྔར་རྫས་འགྱུར་བརྟག་ཞིབ་ཐོག་ཁང་གི་གྲུབ་ཆ་གཙོ་བོའི་བརྒྱ་ཆ་100ལེགས་གྲུབ་ཟིན་པ་དང་།རྩིག་པ་བརྒྱ་ཆ་30ལེགས་གྲུབ་ཟིན་པ། ཕྱོགས་བསྡུས་གཞུང་ལས་ཐོག་ཁང་གི་གཙོ་གཟུགས་བརྒྱ་ཆ་80ལེགས་གྲུབ་ཟིན་པ་བཅས་རེད།
ཨར་ལས་རྒྱུ་ཆའི་མཛོད་ཁང་གི་ཀ་བ་ལུགས་རྒྱག་པ་དང་།མདོག་ལྡན་མཛོད་ཁང་གི་ཀ་བ་ལུགས་རྒྱག་པ་བརྒྱ་ཆ་100ཟིན་པ་དང་།རྣམ་གྲངས་ཀྱི་སྤྱིའི་མྱུར་ཚད་བརྒྱ་ཆ་60ཟིན་ཡོད་པ་རེད། རྣམ་གྲངས་བསྐྲུན་རྗེས།གཏེར་ཁའི་ལག་ཡོད་ཚོང་ཟོག་མཛོད་ཉར་དང་། ཉོ་ཚོང་། ཟོག་འགྲུལ་བསྡུ་འགྲེམས་བཅས་ལྟེ་བར་བྱེད་པའི་ཟོག་འགྲུལ་གྱི“ནུས་པའི་ཁུལ”དང་ཐོན་ལས་ཀྱི“སྐྱེ་ཁམས་ཁུལ”ཧུར་ཐག་གཏོད་རྒྱུ་དང་།ཁྱོན་ཡོངས་ནས་གཉེར་སྐྱོང་བྱས་རྗེས་སྔོན་དཔག་བྱས་ན་ཐོན་རྫས་རིན་ཐང་ལོ་རེར་སྒོར་དུང་ཕྱུར་2ནས་དུང་ཕྱུར་8བར་ཟིན་རྒྱུ་དང་།ས་གནས་དེ་གའི་ནོར་སྲིད་ཡོང་འབབ་ལོ་རེར་སྒོར་དུང་ཕྱུར་0.3ནས་དུང་ཕྱུར་1བར་མཁོ་འདོན་བྱས་ནས།ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་རྒྱུ་ཡིན་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社