ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཨ་མ་ཚང་དགེ་སྒྲུབ་ཆེད་དོན་ཐེབས་རྩ་ཡིས་ལོང་བའི་མཐུན་ཚོགས་ཀྱི་ཨུ་ཡོན་ཉི་མ་དབང་འདུས་ལ་རོགས་སྐྱོར་མ་དངུལ་ཞལ་འདེབས་རྒྱག་པའི་མཛད་སྒོ་འཚོགས་པ་རེད།
ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག ཨ་མ་ཚང་དགེ་སྒྲུབ་ཆེད་དོན་ཐེབས་རྩ་ཡིས་ལོང་བའི་མཐུན་ཚོགས་ཀྱི་ཨུ་ཡོན་དང་། ལོང་བའི་བརྩོན་སྐྱེད་གཏམ་བཤད་པ་ཉི་མ་དབང་འདུས་ལ་རོགས་སྐྱོར་མ་དངུལ་སྒོར་118000བཏང་ནས་2021ལོར་དཔེ་སྐྲུན་བྱས་པའི་ཉི་མ་དབང་འདུས་ཀྱི་གཏམ་རྒྱུད་བརྗོད་པའི《ང་ལ་ཉིན་གསུམ་གྱི་འོད་ཟེར་མི་དགོས》ཞེས་པའི་བོད་ཡིག་དཔེ་དེབ་དཔེ་སྐྲུན་བྱེད་པར་སྤྱོད་རྒྱུ་ཡིན་པ་རེད།
ཉི་མ་དབང་འདུས་ཀྱིས་རོགས་སྐྱོར་འདི་ནི་ང་ལ་དཔལ་འབྱོར་ཐད་ཀྱི་རྒྱབ་སྐྱོར་ཞིག་ཡིན་པར་མ་ཟད། རང་ཉིད་ཀྱི་ཕུགས་འདུན་བསྒྲུབ་པར་སྐུལ་མ་བཏང་བ་ཞིག་ཀྱང་ཡིན། ངས་མ་དངུལ་དེ་བེད་སྤྱོད་ཡག་པོ་བྱས་ནས་དཔེ་དེབ་དཔེ་སྐྲུན་ལེགས་འགྲུབ་ཡོང་བར་བྱས་ཏེ། རང་ཉིད་ཀྱི་ཉམས་མྱོང་ལ་བརྟེན་ནས་མི་དེ་བས་མང་བ་ཞིག་ལ་སྐུལ་མ་གཏོང་རྒྱུ་ཡིནཞེས་བཤད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社