分享按钮

གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སློབ་འགོ་ཚུགས་པའི་སྐབས་སུ་དགེ་སློབ་ཚོ་བདེ་འཇགས་ངང་འགྲོ་སྐྱོད་བྱེད་པར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ།

པར་འདི་ནི་འགྲིམ་འགྲུལ་ཉེན་རྟོག་པས་སློབ་མར་རྒྱ་ལམ་སྒྲོལ་རོགས་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སློབ་དུས་གསར་པ་འགོ་ཚུགས་པ་དང་བསྟུན་ནས་སློབ་གྲྭའི་མཐའ་འཁོར་གྱི་འགྲོ་ལམ་ཐོག་འཕྲུལ་ཆས་རྒྱུག་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སློབ་གྲྭའི་མཐའ་འཁོར་གྱི་འགྲོ་ལམ་ཆ་རྐྱེན་དང་དེ་བཞིན་སློབ་གྲྭའི་མཐའ་འཁོར་གྱི་འགྲོ་ལམ་ཐོག་འཕྲུལ་ཆས་རྒྱུག་ཚད་ཀྱི་གནས་ཚུལ་ལ་གཞིགས་ནས་སྔ་སྣུར་དུ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་།ཚན་རིག་དང་མཐུན་པའི་སྒོ་ནས་ལས་དོན་ལེགས་སྒྲིག་བྱས་ཏེ་སློབ་མ་སྲུང་སྐྱོང་བྱེད་སྟངས་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ནས་དགེ་སློབ་བདེ་འཇགས་ངང་འགྲོ་སྐྱོད་བྱེད་པར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།

ཕྱི་དྲོའི་ཆུ་ཚོད་5ཡས་མས་ནི། སློབ་གྲྭ་གྲོལ་བའི་མཐོ་རླབས་ཀྱི་དུས་མཚམས་དང་ཏག་ཏག་ཡིན་པས། རྔ་ཆེན་ལམ་དུ་རླངས་འཁོར་འགྲོ་སྐྱོད་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཚོས་སྔ་ས་ནས་ལས་གནས་སུ་སླེབས་ནས་འགྲོ་འོང་བྱེད་པའི་རླངས་འཁོར་ལ་བཀོད་འདོམས་བྱས་ཏེ་རྒྱ་ཆེའི་དགེ་སློབ་རྣམས་འགྲོ་འོང་བྱེད་པར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་བཞིན་ཡོད་པ་རེད།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་དང་འབྲེལ་གཏུགས་ཧུར་ཐག་བྱས་ཏེ་སློབ་མ་སློབ་གྲྭར་འགྲོ་འོང་བྱེད་པའི་དུས་ཚོད་ཁོང་དུ་ཆུད་པ་དང་། ཁོངས་གཏོགས་ཁུལ་ཁག་གི་ཉེན་རྟོག་སྟོབས་ཤུགས་ལུགས་མཐུན་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་པ། སློབ་གྲྭའི་མཐའ་འཁོར་གྱི་འགྲིམ་འགྲུལ་ལམ་སྟོན་ལ་ཤུགས་སྣོན་རྒྱག་པ།“མི་གཏན་འཁེལ་དང་། ལས་གནས་གཏན་འཁེལ། འགན་འཁྲི་གཏན་འཁེལ”བཅས་ཀྱི་རྩ་དོན་གཞིར་བཟུང་།སློབ་གྲྭ་ཁག་གི་སྒོ་འགྲམ་གྱི་འགྲིམ་འགྲུལ་སྒྲིག་ལམ་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ། སློབ་གྲྭའི་མཐའ་འཁོར་གྱི་འགྲིམ་འགྲུལ་སྒྲིག་ལམ་ཡག་པོ་ཡོང་བ་དང་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད།

གཞན་ཡང་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ད་དུང་ཉིན་རེའི“སློབ་སྲུང་ལས་གནས”ཀྱི་དུས་ཚོད་སྤྱད་དེ་སློབ་མར་ཡང་དག་པའི་སྒོ་ནས་གཞུང་ལམ་བརྒལ་རྒྱུར་ཁྲིད་སྟོན་བྱེད་པ་དང་། འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་ལ་ངོས་འཛིན་བྱེད་པ། སློབ་མར་གཞུང་ལམ་ཐོག་རྩེད་མོ་རྩེ་མི་རུང་བ་བཅས་ཀྱི་དྲན་སྐུལ་བྱས་པར་མ་ཟད། སློབ་མ་བསུ་སྐྱེལ་བྱེད་མཁན་གྱི་ཁྱིམ་བདག་ལ་ཕྲུ་གུ་བསུ་སྐྱེལ་བྱེད་པའི་ལམ་བར་དུ་དོ་སྣང་བྱེད་དགོས་པའི་བདེ་འཇགས་དོན་ཚན་འགྲེལ་བཤད་བརྒྱབ་སྟེ་སློབ་མའི་ཁྱིམ་བདག་ལ་རང་དཔེ་གཞན་སྟོན་བྱས་ནས་འགྲིམ་འགྲུལ་གྱི་གོམས་གཤིས་ངན་པ་གཏན་འགོག་བྱས་ཏེ་བདེ་འཇཊ་དང་། ཤར་བགྲོད།ཡ་རབས།ཞི་མཐུན་བཅས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ཐུན་མོང་ཐོག་གཏོད་དགོས་པའི་བསླབ་བྱ་གནང་གི་ཡོད་པ་རེད།

རྔ་ཆེན་སློབ་ཆུང་གི་དགེ་རྒན་ལི་ཡན་ཡུས་ཀྱིས་དེ་རིང་ནི་ང་ཚོའི་སློབ་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་ཡིན། འགྲིམ་འགྲུལ་གྱི་གནོན་ཤུགས་ཆུང་དུ་གཏོང་ཆེད། སློབ་གྲྭས་རྒྱལ་སྒོ་དང་ཤར་སྒོ་གཉིས་ནས་འགྲོ་འོང་བྱེད་སྟངས་སྤྱད་ཡོད། འགྲིམ་འགྲུལ་དོ་དམ་ཚན་པས་ཀྱང་ང་ཚོར་རོགས་རམ་བྱས་ཏེ་སློབ་གྲྭའི་སྒོ་འགྲམ་དུ་ཉེན་རྟོག་པ་བཀོད་སྒྲིག་བྱས་ནས་ལམ་ངོས་ཀྱི་འཕྲུལ་ཆས་ལ་ཁྲིད་སྟོན་བྱས་པས་སློབ་མ་དང་ཁྱིམ་བདག་ལ་བདེ་འཇགས་དང་ཤར་གཏོང་གི་འགྲིམ་འགྲུལ་ཁོར་ཡུག་ཅིག་བསྐྲུན་ཡོད། འགྲིམ་འགྲུལ་དོ་དམ་ཚན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

སླད་ཕྱིན་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་སློབ་གྲྭའི་མཐའ་འཁོར་གྱི་འགྲོ་ལམ་འགག་སླ་བ་དང་ཁྲིམས་འགལ་གྱི་བྱེད་སྤྱོད་ཐོན་མང་བའི་ལམ་དུམ་གཙོ་གནད་དུ་བཟུང་ནས།གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭའི་མཐའ་འཁོར་གྱི་འགྲོ་ལམ་གྱི་བདེ་འཇགས་ལ་གནོད་པའི་རྐྱེན་ངན་གྲལ་བཤེར་དང་། འགྲིམ་འགྲུལ་ཁྲིམས་འགལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། མི་དང་རླངས་འཁོར་མང་བའི་དུས་སློབ་གྲྭའི་མཐའ་འཁོར་གྱི་འགྲོ་ལམ་ལ་སྐོར་གཡེང་དོ་དམ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གྲྭའི་མཐའ་འཁོར་གྱི་བདེ་འཇགས་འགོག་སྲུང་དྲ་བ་སྔར་བས་གཏིང་ཟབ་ཏུ་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-15 6 6 拉萨日报藏文 c186151.html 1 གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སློབ་འགོ་ཚུགས་པའི་སྐབས་སུ་དགེ་སློབ་ཚོ་བདེ་འཇགས་ངང་འགྲོ་སྐྱོད་བྱེད་པར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ། /enpproperty-->