(པར་ངོས་དང་པོར་མཐུད)《ཡུལ་སྐོར་གྱིས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་མཉམ་ལས་མཉམ་གཏོད་སྐོར་གྱི་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་། ཤིས་ལིན་ཀུའོ་ལེ་མོང་མི་རིགས་ལས་དོན་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་བྱས་ཏེ། མཉམ་ལས་གྲོས་མཐུན་བཞག་ཟིན་པའི་ཞིབ་ཕྲའི་དོན་ཚན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།
ལྟ་སྐོར་ཚོགས་པའི་ཁོངས་མིས་ད་དུང་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་སོག་རྩྭ་འདེགས་འཛུགས་ལས་རིགས་ལྟེ་གནས་སུ་བྱེ་འགོག་བྱེ་བཅོས་དང་།རྩྭ་ར་སྲུང་སྐྱོང་གི་ཉམས་མྱོང་དང་བྱེད་སྟངས་ཐད་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། ས་བབ་མཐོ་བ་དང་གྲང་ངར་ཆེ་བའི་རྩི་ཤིང་དང་། དེ་བཞིན་ཕྱུགས་རྩྭ་འདེབས་འཛུགས་ཀྱི་ཚན་རིག་ཤེས་བྱ་བློ་འདྲི་བྱས་ཡོད། གཞན་ཡང་ཝུའུ་ལ་ཀའེ་དོ་དམ་ཁུལ་གྱི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”ཅེས་པའི་ལག་ལེན་གསར་གཏོད་རྟེན་གཞིར་ལྟ་སྐོར་བྱས་པ་རེད། རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་སྟེ། ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཧུའེ་རིགས་ཆུས་ཐུང་ལམ་ཁྲོམ་གཞུང་སན་ཧྲུན་ཏན་སྡེ་ཁུལ་དང་། ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྲོང་ཁུལ་གསར་པའི་པའོ་ཧོ་ཧྲའོ་གྲོང་རྡལ་ནན་པའོ་གྲོང་ཚོ། ཤིས་ལིན་ཀུའོ་ལེ་མོང་ཁྲུའུ་ཀུའུ་ལན་ཁྲོམ་གཞུང་དམངས་གཅེས་སྡེ་ཁུལ་སོགས་སུ་སྡེ་ཁུལ་ཁག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་རིག་གནས་ཀྱི་བར་ཁྱམས་དང་གྲོང་ཚོའི་ལོ་རྒྱུས་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱས་པ་དང་། སྡེ་ཁུལ་གྱི་འགན་འཁུར་བློ་མཐུན་གཙོ་བོའི་ཉམས་མྱོང་ལ་ཉན་ཞིང་། ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱི་གསར་འཛུགས་གཞུང་དོན་ཁང་གི་རྩིས་ཐོའི་དོ་དམ་དང་། སན་ཧྲུན་སྡེ་ཁུལ་གྱི་ཏང་འཛུཊ་སྐྱོང་སྣེ་ཁྲིད་དང་གཞི་རིམ་བཅོས་སྐྱོང་གི“བརྒྱད་བྱས་པ་གཅིག”གི་ལས་ཀའི་བཅའ་ཁྲིམས་སོཊ་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་ཡོད། དབྱི་ལི་ཅན་ཁང་གྲོག་རོང་དང་། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོཊ་པའི་ནང་སོག་པའེ་དབྱིན་ཧྭ་རྡོ་སོལ་གློག་ཚད་ཡོད་ཀུང་སི། ནུབ་ཝུའུ་ཀྲུའུ་མུའུ་ཆི་མེ་ཟོན་ཉིང་ལག་རུ་ཁག ཝུའུ་ལ་ཀའེ་དོ་དམ་ཁུལ་དམག་སྡེ་རིག་གནས་ཐོན་ལས་གླིང་སོཊ་ས་གནས་ཀྱི་མི་རིཊ་མཐུན་སྒྲིལ་ཡར་ཐོན་གྱི་ཉམས་མྱོང་དང་བྱེད་སྟངས་ལ་ལྟ་སྐོར་དང་སློབ་སྦྱོང་བྱས་ཤིང་། ད་དུང་སྔ་རྗེས་སུ་ཀྲའོ་ཅུན་རྟེན་མཛོད་ཁང་དང་། ཤིས་ལིན་ཀུའོ་ལེ་མོང་རྟེན་མཛོད་ཁང་། ཝུའུ་ལ་ཀའེ་དོ་དམ་ཁུལ་གྱི“ཀྲུང་ཧྭ་མི་རིཊ་གཅིག་མཐུན་ཚོཊ་པའི་འདུ་ཤེས་བརྟན་དུ་གཏོང་བའི་སློབ་གསོ་ལག་ལེན་རྟེན་གཞི”སོཊ་ལ་ལྟ་སྐོར་བྱས་ཡོད།
ལྟ་སྐོར་དང་རྟོག་ཞིབ་བྱས་པ་བརྒྱུད། ལྟ་སྐོར་ཚོགས་པའི་ཁོངས་མིར་ཕན་པ་མི་ཉུང་བ་དང་གྲུབ་འབྲས་མང་པོ་ཐོབ་པའི་ཚོར་སྣང་ཟབ་མོ་བྱུང་། ལྟ་སྐོར་ཚོགས་པའི་ཁོངས་མི་དང་སྟག་རྩེ་ཆུས་གཙང་རྟོགས་ཤང་ཆ་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པ་སངས་སྒྲོལ་མས་ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི“ས་མཐོའི་སེ་འབྲུ་དམར་པོ”ཞེས་པའི་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པའི་སློབ་སྦྱོང་དང་སྤེལ་རེས་བྱེད་སྒོའི་ནང་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ཉིན་ཤས་རིང་། ནང་སོག་ཏུ་སློབ་སྦྱོང་དང་རྟོག་ཞིབ་བྱས་པ་བརྒྱུད། ང་ཚོས་སྡེ་ཁུལ་དང་། ཁེ་ལས། སློབ་གྲྭ་སོགས་ནས་སློབ་སྦྱོང་མང་པོ་བྱས་ཡོད། ཀྲའོ་ཅུན་རྟེན་མཛོད་ཁང་དང་ཤིས་ལིན་ཀུའོ་ལེ་རྟེན་མཛོད་ཁང་སོགས་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིར་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་སྐོར་གྱི་གནས་ཚུལ་ལ་ཤེས་རྟོགས་བྱས་པས་རླབས་ཆེན་མེས་རྒྱལ་གྱི་འཕེལ་རྒྱས་དང་འོད་སྟོང་འབར་བའི་གྲུབ་འབྲས་ལ་དངོས་སུ་མྱོང་རོལ་ཐུབ་ཡོད། ང་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社