分享按钮

གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་ཞེ་ཡུང་གདན་འདྲེན་ཞུས་ནས་གཙོ་དོན་སྒྲོག་འགྲེལ་གནང་བ་རེད།

སློབ་སྦྱོང་ཚོགས་འདུའི་ཐོག ཞེ་ཡུང་གིས་གཙོ་དོན་ལ་དམིགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་དོན་དངོས་དང་ཟུང་འབྲེལ་གྱིས་གསོན་ཉམས་དོད་པའི་དཔེ་མཚོན་དང་ཞིབ་ཅིང་ཕྲ་བའི་གྲངས་གཞི་སྤྱད་དེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིཊ་ཚད་དང་སྤྱིའི་ལས་འགན། དམིགས་དགོས་པ་བདུན།རྩ་དོན་ཆེན་པོ་དྲུག མ་ལག་བཀོད་སྒྲིག་བཅུ་བཞི། དམིཊ་བསལ་ནན་བཤད་གཅིག་སོཊ་ཀྱི་ནང་དོན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས་ཚང་འཛོམས་གྲོས་ཚོཊ་ཀྱི་དགོངས་དོན་ལ་ཁྱོན་ཡོངས་དང་གཏིང་ཟབ་པའི་སྒོ་ནས་གསལ་འགྲེལ་གནང་བ་རེད། སྒྲོག་འགྲེལ་ཧྲིལ་པོའི་གོ་རིམ་ཁ་གསལ་བ་དང་རིམ་པ་གསལ་པོ་ཡོད་པས། ཚང་མས་ཚང་འཛོམས་གྲོས་ཚོཊ་ཀྱི་དགོངས་དོན་ལ་ངོས་འཛིན་དེ་བས་གཏིང་ཟབ་བྱུང་ཡོད།

གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཏུང་པོ་ལིན་གྱིས་ད་ཐེངས་ཀྱི་ཚོགས་འདུ་ནི་ཏང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་པོ་ཆེའི་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། གྲོང་ཁྱེར་འཕེལ་སྒྱུར་ཁོངས་གཏོགས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་བོད་ལྗོངས་དང་ལྷ་སའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱ་རྒྱུར་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པ། འཕེལ་སྒྱུར་ཨུ་ལྷན་གྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་དུས་འགོའི་ཞིབ་འཇུག་དང་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།

ཚོགས་འདུ་གྲོལ་རྗེས། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁུར་བ་གཙོ་བོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུར་དམིགས་ནས་སྤེལ་རེས་གཏམ་བཤད་གནང་བ་རེད། ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས་པ་དང་། 《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་བྱེད་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པའི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་རྩ་ཆེའི་ཉམས་མྱོང་བེད་སྤྱོད་ཡག་པོ་བྱས་ནས་སྒྱུར་བཅོས་ལ་ཟམ་མི་ཆད་པར་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ལས་དོན་ནུས་ལྡན་ངང་བསྒྲུབས་ཏེ། བློ་བརྟན་འགྱུར་མེད་ངང་ལོ་ཧྲིལ་བོའི་ལོ་ལྔ་ཚན་བཅུ་བཞི་པའི་དམིགས་ཚད་དང་ལས་འགན་ཁག་མངོན་འགྱུར་ཡོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཇུས་འགོད་བྱས་ཏེ་ལྷ་སའི་འཕེལ་རྒྱས་དང་སྒྱུར་བཅོས་ལས་དོན་ལ་རྣམ་པ་གསར་པ་གཏོད་པ་དང་སྐས་རིམ་གསར་པ་ཞིག་ཏུ་སླར་ཡང་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་དབྱང་ཀྲེན་གྱིས་ སློབ་སྦྱོང་བྱས་པ་བརྒྱུད། ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་སྣེ་ཁྲིད་པའི་རྣམ་འགྱུར་དང་འགན་འཁྲིའི་ཐོག་ནས་ཀྲུང་དབྱང་དང་།ལྗོངས།གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་བཅས་ཀྱིས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ལས་འགན་གལ་ཆེན་ལ་དམིགས་ནས་གནད་དོན་གྱི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། དཔལ་འབྱོར་སྒྲིག་སྲོལ་གྱི་སྒྱུར་བཅོས་ཚད་བརྒལ་བྱེད་སར་བརྩིས་ཏེ་ཁྱོན་ཡོངས་ནས་གསེད་བཀྲོལ་གྲལ་བཤེར་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་དམིགས་སའི་རང་བཞིན་གྱི་སྒྱུར་བཅོས་བྱ་ཐབས་བཏོན་ཏེ་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་འགག་གནད་དང་གནད་དོན་མེད་པར་བཟོས་ནས་ཀྲུང་གོའི་ལུཊ་ཀྱི་དེང་རབས་ཅན་ལ་སྒུལ་ཤུཊ་ཆེན་པོ་དང་ལམ་ལུཊ་ཀྱི་འགན་ལེན་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-15 6 6 拉萨日报藏文 c186148.html 1 གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ། /enpproperty-->