分享按钮

གྲོང་ཁྱེར་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་12ཉིན་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་དང་། ཐོན་ལས་སྦྲེལ་ཐག་གི་ལམ་ལུགས། སྤྱི་པའི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་འཆར་འགོད། སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ཞབས་ཞུ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག ཐོན་སྐྱེད་བདེ་འཇགས་ཐད་ནམ་ཡང་སྣང་ཆུང་བྱེད་མི་རུང་བས། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ཐད་སླར་ཡང་དོགས་ཟོན་བྱས་ཏེ།དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་མི་བྱེད་པའི་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་འདུ་ཤེས་ལ་བརྟེན་ནས་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་ཐོག་འཆར་འགོད་བྱས་ནས་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་དགོས་པ་དང་།

སྔོན་འགོག་ཐད་སྔར་བས་ཞིབ་ཚགས་བྱས་ཏེ།ཐོན་སྐྱེད་བདེ་འཇགས་རྩ་བཅོས་ཀྱི་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་ཇུས་གཞི་དང་ཟུང་འབྲེལ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དོ་སྣང་བྱས་ཏེ།ཁྱོན་ཡོངས་ལ་ཁྱབ་པ་དང་།ལེབ་བཤེར། ཁུག་ཀྱོག་མི་ལུས་པ་བཅས་ཀྱི་ཐོག་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་དགོས་པ། ལྟ་སྐུལ་དོ་དམ་ཐད་སླར་ཡང་ཤུགས་སྣོན་བརྒྱབ་སྟེ། བདེ་འཇགས་ལ་གནོད་པའི་རྐྱེན་ངན་དག་ཐེར་དང་ཡོ་བསྲང་བྱས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས་པ།འགན་འཁྲིའི་ཐད་སླར་ཡང་དམ་དུ་བཏང་ནས་ལྷུ་ཚིགས་ཚང་མར་དམ་འཛིན་བྱེད་མཁན་དང་དོ་དམ་བྱེད་མཁན། ལྟ་སྐུལ་བྱེད་མཁན་བཅས་ཡོད་པར་བྱས་ཏེ།བདེ་འཇགས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚཊ་དང་གནད་ལ་འཁེལ་བར་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་ཡོད།

ཚོཊ་འདུའི་ཐོག་ཐོན་ལས་སྦྲེལ་ཐག་གི་ལམ་ལུགས་ལག་བསྟར་བྱ་རྒྱུ་ནི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་མགྱོགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་དང་ལྷ་སའི་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་དམ་འཛིན་ནུས་ལྡན་ཞིག་རེད། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-15 6 6 拉萨日报藏文 c186144.html 1 གྲོང་ཁྱེར་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་འཚོགས་པ། /enpproperty-->