ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་9ཉིན། ལྷ་ས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ལྷ་ས་གྲོང་ཁྱེར་མི་རིགས་ཨུ་ལྷན་གྱིས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་པའི་སྐབས་དང་པོའི“ས་མཐོའི་སེ་འབྲུ་དམར་པོ”ཞེས་པའི་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་ནང་སོག་རང་སྐྱོང་ལྗོངས་དང་པེ་ཅིང་གྲོང་ཁྱེར་དུ་སློབ་སྦྱོང་དང་སྤེལ་རེས་བྱེད་པར་སྐྱོད་པའི་བྱེད་སྒོ་ལེགས་གྲུབ་ཟིན་ཏེ།ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དང་ཤིས་ལིན་ཀུའོ་ལེ་མོང་གི་འབྲེལ་ཡོད་ས་ཚིགས་སུ་སློབ་སྦྱོང་དང་རྟོག་ཞིབ་བྱས་ནས་པེ་ཅིང་གྲོང་ཁྱེར་དུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུ་རེད།
ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི“ས་མཐོའི་སེ་འབྲུ་དམར་པོ”ཞེས་པའི་སློབ་སྦྱོང་དང་སྤེལ་རེས་ཀྱི་བྱེད་སྒོ་དེ་ཟླ་8ཚེས་3ཉིན་འགོ་ཚུགས་པ་དང་། དུས་ཡུན་ཉིན་12ཡིན། ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་དང་། ནུས་པའི་གླིང་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་བཅས་ཀྱི་གྲོང་ཁྱེར་ཐད་གཏོགས་ཁོངས་མིའི་ཚན་པས་དམ་འཛིན་ནན་པོ་བྱས་ཏེ།ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཕུལ་བྱུང་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མི། ཆོས་ལུགས་ལས་རིགས་དང་ཁེ་ལས་ལས་རིགས་ཀྱི་འཐུས་མི་བཅས་འཐུས་མི་45ད་ཐེངས་ཀྱི་སློབ་སྦྱོང་དང་སྤེལ་རེས་ནང་ཞུགས་རྒྱུར་རིམ་པ་རེ་རེ་བཞིན་འོས་སྦྱོར་བྱས་པ་དང་། ལྟ་སྐོར་ཚོགས་པའི་ཁོངས་མིའི་ནང་།བོད་རིགས་དང་། རྒྱ་རིགས། ཧུའེ་རིགས་བཅས་མི་རིགས་གསུམ་ཚུད་ཡོད།
ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དུ་ལྟ་སྐོར་ཚོགས་པའི་ཁོངས་མིས་སྡེ་ཁུལ(ཁྲོམ་གཞུང)དང་། གྲགས་ཅན་ཁེ་ལས། བཅའ་སྡོད་བྱ་ཡུལ་བརྒྱ་ཤོག་སོགས་ས་གནས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཉམས་མྱོང་དང་བྱེད་སྟངས་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་དང་། སྔ་རྗེས་སུ་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་བཞུགས་མོལ་བྱས་ཏེ།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社