ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོའི་ཟླ་4པར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཟོག་འགྲུལ་བསྡུ་འགྲེམས་ལྟེ་གནས་ཀྱི་རྣམ་གྲངས་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། རྣམ་གྲངས་འདིར་རགས་རྩིས་མ་དངུལ་བསྡོམས་འབོར་སྒོར་ཁྲི་13003བཏང་བ་དེ་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཚོང་འགུགས་མ་འདྲེན་གྱི་གཡུར་དུ་ཟ་བའི་གྲུབ་འབྲས་གཞན་ཞིག་རེད། ཟླ་8ཚེས་12ཉིན། རྣམ་གྲངས་ཀྱི་ས་གནས་ས་ཐོག་ཏུ་གསར་འགོད་པར་ལྗིད་འདེགས་འཕྲུལ་འཁོར་དང་། ཆུ་གཏོར་རླངས་འཁོར།ལས་གྲྭའི་རླངས་འཁོར་བཅས་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པས་ལས་ཕྱོད་ཆེན་པོས་ལས་ཀ་སྒྲུབ་བཞིན་པའི་རྣམ་པ་ཞིག་མཐོང་ཡོད།
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཟོག་འགྲུལ་བསྡུ་འགྲེམས་ལྟེ་གནས་ཀྱི་རྣམ་གྲངས་དེ་སྟོད་ལུང་བདེ་ཆེན་ཆུས་སྣེའུ་གདོང་ལམ་གྱི་ནུབ་རྒྱུད་དང་སྟག་བྲག་དགོན་གྱི་ནུབ་རྒྱུད་དུ་གནས་ཤིང་།སྟོད་ལུང་བདེ་ཆེན་ཆུས་ཀྱི་ཚོང་འགུགས་མ་དངུལ་ནང་འདྲེན་ཁེ་ལས་སྟེ།བོད་ལྗོངས་ལེ་རུའེ་མཛོད་ཉར་ཟོག་འགྲེམས་ཚད་ཡོད་ཀུང་སིས་མ་དངུལ་ཆ་ཚང་བཏང་ནས་བསྐྲུན་པ་ཞིག་ཡིན་པ་དང་།རྣམ་གྲངས་ཀྱི་སྤྱིའི་ས་ཆའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་73166.51ཙམ་ཡོད། རྣམ་གྲངས་ཨར་ལས་ཀྱི་འགན་འཁུར་བ་ཧུའུ་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་7པའི་བར་རྣམ་གྲངས་དེའི་གྲུབ་ཆ་གཙོ་བོ་ཚང་མ་ལེགས་གྲུབ་ཟིན་པ་དང་།དེར་མ་དངུལ་བསྡོམས་འབོར་སྒོར་ཁྲི་6356བཏང་ཡོད། ཧུའུ་ཅན་གྱིས་ཟླ་བ་འདིའི་ཟླ་མཇུག་ཏུ་ངར་ལྕགས་གྲུབ་ཆའི་གཙོ་གཞི་ཚང་མ་ལས་མཇུག་འགྲིལ་རྒྱུ་ཡིན་པ་དང་། ཟླ་9པའི་ཟླ་མཇུག་ཏུ་ངར་ལྕགས་གྲུབ་ཆའི་ཕྱི་ངོས་ཚང་མ་ལས་མཇུག་འགྲིལ་རྒྱུ་ཡིན། དེ་བཞིན་ཟླ་10པར་རྣམ་གྲངས་ཚང་མའི་སྒྲིག་སྦྱོར་ལས་དོན་སྤེལ་རྒྱུ་ཡིན་ཞིང་། ཟླ་11པར་ཆེད་དོན་ཞིབ་བཤེར་རྩིས་ལེན་གྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན་ཞེས་བཤད།
རྣམ་གྲངས་དེའི་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་36221.83ཡོད་པ་དང་།འཛུགས་སྐྲུན་གྱི་ནང་དོན་ནང་ཨར་ལས་རྒྱུ་ཆའི་མཛོད་ཁང་གཅིག་དང་། མདོག་ལྡན་མཛོད་ཁང་གཉིས། དེ་བཞིན་ཕྱོགས་བསྡུས་གཞུང་ལས་ཐོག་ཁང་དང་། རྫས་འགྱུར་བརྟག་ཞིབ་ཐོག་ཁང་། སྒོ་སྲུང་ཁང་སོགས་ཡོད། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་ཆེད། རྣམ་གྲངས་ནང་ས་གནས་དེ་གའི་འཕྲུལ་ཆས་20ལྷག་ཙམ་སྤྱད་ཡོད་ཅིང་། ཨར་ལས་མི་སྣ་200ལྷག་ཙམ་བཏང་ཡོད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社