分享按钮

འགྲིམ་འགྲུལ་བདེ་འཇགས་ལ་གནོད་པའི་རང་ཤེད་ཆེ་བའི་བྱེད་སྤྱོད་དོར་དགོས།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་ནང་གློག་སྒུལ་སྦག་སྦག་དེ་སྟབས་བདེ་ལ་ཁོར་ཡུག་སྲུང་སྐྱོང་གི་ཁྱད་ཆོས་ལྡན་པས་གྲོང་མི་མང་པོ་ཞིག་གི་ཕྱིར་སྐྱོད་ཁྲོད་གདམ་ག་བྱེད་པའི་འཁོར་རིགས་ལ་གྱུར་ཡོད། འོན་ཀྱང་རང་གྲོང་གི་གློག་སྒུལ་སྦག་སྦག་གཏོང་མཁན་ཁག་གཅིག་གི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཞན་པས་རང་ངོས་ཀྱི་བདེ་འཇགས་ལ་གནོད་པའི་རྐྱེན་ངན་བཟོས་པར་མ་ཟད། གྲོང་ཁྱེར་གྱི་འགྲིམ་འགྲུལ་སྒྲིག་ལམ་དང་ཤེས་དཔལ་གྱི་གཟུགས་བརྙན་ལའང་ཤུགས་རྐྱེན་ཚབས་ཆེན་བཟོ་བཞིན་ཡོད།

ཉིན་ཤས་གོང་། གསར་འགོད་པས་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་གི་ལས་དོན་པའི་རྗེས་སུ་འབྲངས་ནས་འདམ་ར་ནུབ་ལམ་དང་། ཆུ་མིག་ལམ། ཧྥུའུ་ཁང་སྨན་ཁང་གི་ལམ་མདོ། པེ་ཅིང་ཤར་ལམ་བསྟན་རྒྱས་གླིང་གི་གསུམ་མདོ། ཐེན་ཧའེ་ལམ་སོགས་སུ་འཕྲུལ་སྒུལ་འཁོར་རིཊ་ཀྱིས་ལོང་བའི་ལམ་བུ་དང་མེ་ཟོན་འགྲོ་ལམ་ཧམ་བཟུང་བྱེད་པ་སོཊ་རང་འདོད་ལྟར་རླངས་འཁོར་གང་བྱུང་དུ་བཞག་པ་དང་། འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ཁ་ལོ་བས་བདེ་འཇགས་ཞྭ་མོ་མི་གྱོན་པ། བརྡ་རྟགས་ལ་མ་བལྟས་པར་གང་བྱུང་དུ་འགྲོ་བ་སོཊ་ཀྱིས་བདེ་འཇཊ་ཀྱི་མངོན་མེད་རྐྱེན་ངན་བཟོ་བར་མ་ཟད།འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་མང་ཤོས་སུ་གྱུར་བ་ཤེས་རྟོཊ་བྱུང་བ་རེད།

གཞན་ཡང་། ད་དུང་ལགས་སྟོད་ལམ་གྱི་དབྱི་ཧྲེན་ཡོན་གྱི་ཉེ་འགྲམ་དུ་ལོང་ལམ་བཟུང་ནས་རླངས་འཁོར་གང་བྱུང་དུ་བཞག་པའི་སྣང་ཚུལ་དེ་བས་མངོན་གསལ་དོད་པོ་ཡོད་པ་དེས་ལོང་བའི་རྒྱུན་གཏན་གྱི་ཕྱིར་སྐྱོད་ཐད་ཤུགས་རྐྱེན་ངན་པ་བཟོ་བ་མ་ཟད། ཁ་ལོ་བ་ཁག་གཅིག་གིས་སྤྱི་པའི་སྒྲིག་ལམ་དང་མི་གཞན་གྱི་ཁེ་དབང་ལ་སྣང་ཆུང་བྱེད་པའང་མཚོན་ཡོད། དེར་བརྟེན་གྲོང་མི་ཚང་མས་རང་ཉིད་ནས་འགོ་བརྩམས་ཏེ་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ་དང་། ཡ་རབས་ངང་ཕྱིར་བསྐྱོད་དེ་ཐུན་མོང་ཐོག་རང་གྲོང་གི་འགྲིམ་འགྲུལ་ཁོར་ཡུག་ལ་སྲུང་སྐྱོང་བྱས་ནས་འགྲིམ་འགྲུལ་བདེ་འཇཊ་ལ་གནོད་པའི་རང་ཤེད་ཆེ་བའི་བྱེད་སྤྱོད་དོར་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-14 6 6 拉萨日报藏文 c186095.html 1 འགྲིམ་འགྲུལ་བདེ་འཇགས་ལ་གནོད་པའི་རང་ཤེད་ཆེ་བའི་བྱེད་སྤྱོད་དོར་དགོས། /enpproperty-->