分享按钮

རྔ་ཆེན་ཁྲོམ་གཞུང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་2024ལོའི་ལས་དོན་ཨུ་ལྷན་ཆེན་མོའི་ཁོངས་གཏོགས་ཚན་པའི་མཐུན་འབྲེལ་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གིས་ཁོངས་གཏོགས་ཁུལ་གྱི་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། གསར་གཉིས་ཚོགས་སྤྱི། འབྲེལ་ཡོད་ལས་རིགས་ཁྱབ་ཁོངས་ཀྱི་འཐུས་མི། ཁོངས་གཏོགས་ཁུལ་གྱི་མང་ཚོགས་སོགས་སྒྲིག་འཛུགས་བྱས་ཏེ། རྔ་ཆེན་ཁྲོམ་གཞུང་གར་པ་གྲོང་ཚོའི་དགའ་སྤྲོ་སྤྲོ་སྒར་སར་རྔ་ཆེན་ཁྲོམ་གཞུང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་2024ལོའི་ལས་དོན་ཨུ་ལྷན་ཆེན་མོའི་ཁོངས་གཏོགས་ཚན་པའི་མཐུན་འབྲེལ་བྱེད་སྒོ་སྤེལ་བ་རེད།

ཉིན་དེར། གར་པ་གྲོང་ཚོའི་དགའ་སྤྲོ་སྤྲོ་སྒར་སར་ཚོན་མདོག་ཅན་གྱི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བ་དང་། རོལ་དབྱངས་ཀྱི་སྒྲ་དང་དགོད་སྒྲས་ཡོངས་སུ་ཁེངས་ཡོད། སྒར་སའི་ནང་སྤྲོ་གསེང་ཁུལ་དང་། ཞིམ་ཟས་ཁུལ། འདུ་འཛོམས་ཁུལ། མེ་ཕུང་སྒོར་གཞས་ཁུལ། གར་པ་གྲོང་ཚོའི་ནོར་ཤ་ཕྱིར་ཚོང་ཁུལ་བཅས་བཀོད་སྒྲིག་བྱས་ཡོད་པས་འཁྲུག་ཆ་དོད་པའི་རྣམ་པས་ཁེངས་ཡོད། ད་ཐེངས་ཀྱི་བྱེད་སྒོའི་ནང་གར་པའི་དཔའ་བོའི་འགྲན་སློང་འགྲན་བསྡུར་ཏེ་སྤྱི་ལེ་5ཡི་རྒྱུག་ཤར་དང་སྣ་མང་ཕུན་སུམ་ཚོགས་པའི་སྤྲོ་སྣང་ལུས་རྩལ་བྱེད་སྒོ་ཞེས་རིགས་གཉིས་ཡོད།

ཡུལ་དངོས་སུ་བྱེད་སྒོ་སྒྲུབ་འགན་འཁུར་མཁན་ཕྱོགས་ཀྱིས་འགོ་ཚུགས་བྱེད་སྒོ་སྟེ་གར་པའི་དཔའ་བོའི་འགྲན་སློང་འགྲན་བསྡུར་གྱི་སྒྲིག་སྲོལ་དང་དོ་སྣང་བྱེད་དགོས་པའི་དོན་ཚན་ཁག་ངོ་སྤྲོད་དང་གསལ་བཤད་ཞིབ་ཕྲ་གནང་བ་དང་། དེའི་རྗེས་སུ་འགྲན་ཞུགས་པ་ཚོས་བྱེད་སྒོ་གཉེར་འགན་འཁུར་མཁན་ཕྱོགས་ཀྱི་འབྲེལ་ཡོད་ཆེད་ལས་པའི་སྣེ་ཁྲིད་འོག་འགྲན་བསྡུར་མ་བྱས་གོང་གི་ལུས་སྦྱོང་བྱས་ཡོད། དེའི་རྗེས་སུ་འགྲན་བསྡུར་འགོ་ཚུགས་པའི་བཀའ་བཏང་རྗེས། འགྲན་ཞུགས་རུ་མི་80ལྷག་ཙམ་སྟོང་ལས་ཤོར་བའི་མདའ་མོ་བཞིན་རྒྱུག་ཤར་གློད་པ་རེད།

རྔ་ཆེན་ཁྲོམ་གཞུང་ཏང་ལས་དོན་ཨུ་ཡོན་ལྷན་ཁང་ཚོགས་ཆུང་གི་དྲིལ་བསྒྲགས་ཨུ་ཡོན་ཚེ་སྒྲོལ་གྱིས་ང་ཚོས་བྱེད་སྒོ་འདི་འདྲ་ཞིག་སྤེལ་བའི་དམིགས་ཡུལ་ནི་ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྔར་བས་ལེགས་སུ་བཏང་སྟེ། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-14 6 6 拉萨日报藏文 c186094.html 1 རྔ་ཆེན་ཁྲོམ་གཞུང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་2024ལོའི་ལས་དོན་ཨུ་ལྷན་ཆེན་མོའི་ཁོངས་གཏོགས་ཚན་པའི་མཐུན་འབྲེལ་བྱེད་སྒོ་སྤེལ་བ། /enpproperty-->