ལྷ་སའི་ལྟེ་བའི་དཔེ་དེབ་གྲོང་ལས་གཉེར་བྱེད་ འགོ་ཚུགས་པ། ཉེ་ཆར། ལྷ་སའི་ལྟེ་བའི་དཔེ་དེབ་གྲོང་ལས་གཉེར་བྱེད་འགོ་ཚུགས་ཤིང་། རང་ལྗོངས་ཀྱི་ཕྱོགས་བསྡུས་དཔེ་དེབ་གྲོང་ཐོག་མ་དེ་ཡིན་པའི་ངོས་ནས་ལྷ་སའི་ལྟེ་བའི་དཔེ་དེབ་གྲོང་གིས་ཀློག་པ་པོར་དཔེ་དེབ་སྣ་ཚོགས་ཁྲི་2ལྷག་ཙམ་མཁོ་འདོན་བྱས་ཡོད། དེ་དག་གི་ཁྲོད་དུ་རྩོམ་རིག་དང་། སྒྱུ་རྩལ། ཆབ་སྲིད། དཔལ་འབྱོར། མཚན་ཉིད་རིག་པ། དམག་དོན། བསླབ་གཞི་དང་དེའི་ཟུར་ཁྲིད་སོགས་ཚུད་ཡོད། པར་འདི་ནི་ལྷ་སའི་ལྟེ་བའི་དཔེ་དེབ་གྲོང་གི་ལས་དོན་པས་ཕྲུ་གུ་ཚོར་རི་མོའི་དཔེ་དེབ་ཀྱི་ནང་དོན་ལ་འགྲེལ་བཤད་རྒྱག་བཞིན་པའི་གནས་ཚུལ་ཡིན་པ། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)