分享按钮

གཟའ་འཁོར་འདིའི་དུས་འགོར་རང་གྲོང་དུ་ ཆར་པ་མང་པོ་འབབ་རྒྱུ་ཡིན་པ།

གཟའ་འཁོར་འདིའི་དུས་དཀྱིལ་དང་དུས་མཇུག་གི་དྲོད་ཚད་འཕར་ཆག་ཅུང་ཆེ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་12ཉིན། གསར་འགོད་པས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྔོན་དཔག་བྱས་ན་གཟའ་འཁོར་འདིའི་དུས་འགོར་རང་གྲོང་དུ་ཆར་པ་འབབ་ཚད་ཅུང་མང་བ་ཡོད་ཅིང་། ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ཆར་པ་འབབ་ཚད་ཅུང་ཆེ་བ་དང་། གཟའ་འཁོར་འདིའི་དུས་དཀྱིལ་དང་དུས་མཇུག་ཏུ་ཆར་པ་འབབ་ཚད་ཅུང་ཉུང་བ་དང་དྲོད་ཚད་འཕར་ཆག་ཅུང་ཆེ་བ་ཡོད།

གནམ་གཤིས་ཀྱི་གནས་ཚུལ་ནི། རེས་གཟའ་ཟླ་བ་ནས་རེས་གཟའ་ལྷག་པའི་བར། རང་གྲོང་དུ་ཆར་པ་ཆུང་བའམ་འབྲུག་ཆར་འབབ་རྒྱུ་དང་།ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ས་ཆ་ཁ་ཤས་སུ་ཆར་པ་འབྲིང་བ་འབབ་རྒྱུ། རེས་གཟའ་ཕུར་བུ་ནས་རེས་གཟའ་ཉི་མའི་བར། རྫོང(ཆུས)ཁག་ཏུ་སྤྲིན་པ་ཉུང་བ་ནས་སྤྲིན་པ་མང་པོ་འཁོར་རྒྱུ་དང་། ས་ཆ་ཁ་ཤས་སུ་ཐོལ་ཆར་དང་འབྲུག་ཆར་འབབ་རྒྱུ་རེད། གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ལ་ལྟ་ཞིབ་ཚད་ལེན་དང་སྐོར་ཞིབ་ལས་དོན་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ས་ཁུལ་ཁ་ཤས་སུ་ཆུ་ལོག་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཞོར་ཐོན་གནོད་འཚེ་ཐོན་རྒྱུར་སྔོན་འགོག་བྱེད་དགོས་པ་དང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ལེགས་པར་བསྒྲུབ་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད། གཟའ་འཁོར་འདིའི་ཉིན་གུང་ནས་མཚན་མོའི་བར་དུས་ཐུང་གི་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་ཐོན་སླ་བས། ས་ཁུལ་ཁ་ཤས་སུ་འབྲུག་སྒྲ་གྲགས་པ་དང་།རླུང་ཆེན་ལྡང་བ། དུས་ཐུང་གི་ཆར་པ་ཆེན་པོ་འབབ་པ། སེར་བ་འབབ་པ་སོགས་ཀྱི་གནམ་གཤིས་དབང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་དང་།གནས་སྐབས་ཀྱི་འཛུགས་སྐྲུན། ཕྱི་རོལ་གྱི་བྱེད་སྒོ་བཅས་ལ་ཤུགས་རྐྱེན་ངན་པ་བཟོ་བར་སྔོན་འགོག་བྱེད་དགོས། གཟའ་འཁོར་འདིའི་དུས་དཀྱིལ་དང་དུས་མཇུག་ཏུ་ཆར་པ་ཉུང་བ་འབབ་རྒྱུ་ཡིན་པས་གཙོ་བོ་ཞིང་ཁའི་དོ་དམ་གྱི་ལས་དོན་ཡག་པོ་བསྒྲུབ་དགོས།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-14 གཟའ་འཁོར་འདིའི་དུས་དཀྱིལ་དང་དུས་མཇུག་གི་དྲོད་ཚད་འཕར་ཆག་ཅུང་ཆེ་བ། 6 6 拉萨日报藏文 c186093.html 1 གཟའ་འཁོར་འདིའི་དུས་འགོར་རང་གྲོང་དུ་ ཆར་པ་མང་པོ་འབབ་རྒྱུ་ཡིན་པ། /enpproperty-->