(པར་ངོས་དང་པོར་མཐུད)རྒྱང་ལྟའི་རང་བཞིན་གྱི་མཐོང་སྣེ་ནས་མིས་བཟོས་རིག་ནུས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་དང་སྨྱན་སྦྱོར་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་བསྩོལ་བ་ཞེས་པའི་གྲོས་གཞིར་གཏིང་ཟབ་ལ་བློ་སྒོ་འབྱེད་པའི་གཏམ་བཤད་སྤེལ་རེས་གནང་བ་རེད།
དགེ་རྒན་ཆེན་མོ་བ་ཧྲེན་དབྱང་གིས་ཆིང་ཧྭ་སློབ་ཆེན་གྱི་འབྲེལ་ཡོད་ཚོགས་པ་རྟག་ཏུ་ལྷ་སར་ཡོང་ནས་ས་གནས་འདི་དང་མཉམ་ལས་གཏིང་ཟབ་བྱས་ཏེ་AIལ་བརྟེན་ནས་རིག་གནས་ཡུལ་སྐོར་ལ་ནུས་པ་བསྩོལ་བ་དང་། AIལ་བརྟེན་ནས་འབྱུང་ཁམས་ལ་ནུས་པ་བསྩལ་ཏེ། ཐུན་མོང་ཐོག་ལྷ་སའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བཤད།
རིག་གནས་བློ་གསར་གླིང་དཔལ་འབྱོར་འཕེལ་རྒྱས་ཅུས་ཀྱི་ལས་དོན་པ་མ་ལིས་ཤེས་ལྡན་པའི་གཟའ་འཁོར་གྱི་བྱེད་སྒོར་ཞུགས་པ་བརྒྱུད་ནས་མིས་བཟོས་རིག་ནུས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ངོས་འཛིན་གསར་པ་བྱུང་། ཕྱིས་འབྱུང་། ང་ཚོས་མིས་བཟོས་རིག་ནུས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ཤེས་བྱར་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས།རིག་གནས་ཡུལ་སྐོར་ཐོན་ལས་སྐྱོན་བྲལ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
ལྷ་ས་གྲོང་ཁྱེར་འཕེལ་རྒྱས་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས(ནུས་རྒྱུ་ཅུས)འཚོགས་པའི་ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་གྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ལྷ་སའི་ནུས་རྒྱུ་གཙང་མའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་ཞེས་པ་གཙོ་དོན་དུ་བྱས་པའི་བཞུགས་མོལ་ཚོགས་འདུར་ནུས་རྒྱུའི་ཁེ་ལས་ཁག་གི་འཐུས་མི་ཧུར་ཐག་ངང་ཞུགས་ནས་ལྷ་ས་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་ཆེད་ཐབས་འདོན་ཇུས་འབུལ་གནང་བ་རེད།
ལྷ་ས་གྲོང་ཁྱེར་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན(ནུས་རྒྱུ་ཅུས)ནུས་རྒྱུ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཉི་མ་དོན་གྲུབ་ཀྱིས་ཕྱིས་འབྱུང་ང་ཚོས་ད་ཐེངས་ཀྱི་ཚོགས་འདུ་དེ་གོ་སྐབས་སུ་བྱས་ནས་ནུས་རྒྱུ་གསོག་འཇོག་གི་རྣམ་གྲངས་འཛུགས་སྐྲུན་ལ་མུ་མཐུད་ནས་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། གཞི་ཁྱོན་ཅན་དང་རྟེན་གཞི་ཅན་གྱི་བསམ་ཕྱོགས་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གཏོད་པ་དང་། ཐབས་མང་མཉམ་སྤྱོད་བྱས་ཏེ་ནུས་རྒྱུ་གཙང་མའི་གོང་འོག་གི་ཁེ་ལས་ལྷ་སར་གཞིས་ཆགས་པ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་ཁྱབ་ཁོངས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག ཚོགས་ཞུགས་པས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་འཕྲད་པའི་ཤེས་ལྡན་པའི་དཀའ་གནད་ཐད་གང་བསམ་ལྷུག་བརྗོད་གནང་བ་དང་། ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཧུའུ་ཅིན་ཡིའུ་ཡིས་ལྷ་ས་གྲོང་ཁྱེར་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་ཐད་རྩ་ཆེའི་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
ལྷ་ས་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་སྤྱི་ཁྱབ་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་དང་མཐོ་རིམ་ཞིང་ལས་སྒྱུ་རྩལ་མཁས་ཅན་ཉི་མ་ཚེ་རིང་གིས་སླད་ཕྱིན་ལྷ་སར་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་འཛོམས་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། ང་ཚོས་ཀྱང་ལྗོངས་ཕྱིའི་ཚན་ཞིབ་ཁང་དང་ཕུལ་བྱུང་ཁེ་ལས་དབར་སྤེལ་རེས་དང་སློབ་སྦྱོང་བྱ་རྒྱུ་དང་། ཕུལ་བྱུང་ཁེ་ལས་དང་ཤེས་ལྡན་པ་དང་མཉམ་ལས་བྱས་ཏེ། ལྷ་སའི་ཞིང་ལས་དེ་སྔར་བས་ལེགས་པ་དང་སྔར་བས་ཏན་ཏིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་གནང་བ་རེད།
ལྷ་ས་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཤེས་ལྡན་པའི་བཞུགས་མོལ་ཚོགས་འདུ་དེའང་ཚེས་11ཉིན་གྱི་ཕྱི་དྲོར་འཚོགས་པ་དང་། བཞུགས་མོལ་ཚོགས་འདུའི་ཐོག་ཚང་མས་ཚན་རྩལ་ཞབས་ཞུའི་ཁྱབ་ཁོངས་ཀྱི་ལག་ལེན་དང་ཉམས་མྱོང་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད། ཚང་མས་གང་བསམ་ལྷུག་བརྗོད་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཁྲོད་ཀྱི་འགྲན་སློང་དང་གོ་སྐབས་ཐད་གཅིག་རྗེས་གཉིས་མཐུད་ངང་རང་ཉིད་ཀྱི་ལྟ་ཚུལ་བཏོན་པས་ཡུལ་དངོས་སུ་སྤྲོ་སྣང་གིས་ཁེངས་ཡོད།
གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧན་ཆིང་གིས་བཞུགས་མོལ་ཚོགས་འདུའི་ཐོག རིགས་གཅིག་མཁས་ཅན་གྱིས་ཉམས་མྱོང་སྤེལ་རེས་གནང་བ་དང་། ཚོགས་ཞུགས་པ་ཚོར་གྲུབ་འབྲས་ཐོབ་པའི་བྱེད་སྟངས་མཉམ་སྤྱོད་བྱས་པས་ལྷ་ས་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་ཚན་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ངེས་རེད་ཅེས་བཤད།
ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་གྱི་བཞུགས་མོལ་ཚོགས་འདུ་རབ་དང་རིམ་པ་འཚོགས་པ་དེས་ཚང་མས་གཏིང་ཟབ་པའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་མུ་མཐུད་ནས་ཤུགས་སྣོན་བརྒྱབ་སྟེ། ཡུན་རིང་བརྟན་པའི་མཉམ་ལས་རོགས་རེས་ཀྱི་འབྲེལ་བ་སྔར་བས་བཙུགས་ཏེ། ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་ཕུལ་གནང་བ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社