(པར་ངོས་དང་པོར་མཐུད)ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། ལྷག་པར་དུ་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐད་ལྡོག་ཕྱོགས་ཀྱི་གནད་དོན་ལ་དྲང་ཕྱོགས་ཀྱི་རྣམ་གྲངས་བརྒྱུད་ཐག་གཅོད་བྱེད་པའི་བསམ་ཕྱོགས་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དུས་འགོའི་ལས་དོན་འདང་ངེས་བསྒྲུབ་དགོས་ཤིང་། དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་ཟུར་ཚད་ཐོག་ནས་ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་གནད་ལ་འཁེལ་བའི་ངེས་གནས་བྱས་ཏེ་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་ཁ་ཕྱོགས་ཆུད་པར་བྱེད་པ་དང་། གཞན་བརྟེན་དེ་རང་བརྟེན་དུ་བསྒྱུར་བ། གྲ་སྒྲིག་ཞིབ་ཚགས་བཅས་བྱས་ནས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གང་ལེགས་དང་གསལ་པོ་བསྒྲུབ་དགོས། བུ་ལོན་གཡར་ནས་འཕེལ་རྒྱས་གཏོང་དགོས་ཤིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་པ་དང་། རྒྱལ་ཁབ་ཀྱིས་བུ་ལོན་གཏོང་བའི་འབྲེལ་ཡོད་སྲིད་ཇུས་ལ་རང་འགུལ་ངང་སློབ་སྦྱོང་དང་ཁོང་དུ་ཆུད་ཐུབ་པ། རྒྱལ་ཁབ་ཀྱིས་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཁ་ཕྱོགས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་ཐུབ་པ། དམིགས་ཚད་ཡོད་སར་ཆེད་དོན་བུ་ལོན་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བཅས་བྱས་ཏེ་སྤུས་ཚད་མཐོ་བ་དང་ལས་ཆོད་ཆེ་བའི་བུ་ལོན་གཡར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།《ལྷ་ས་གྲོང་ཁྱེར་གྱི་2024ལོའི་དཔལ་འབྱོར་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་ལོ་དཀྱིལ་གྱི་འགག་སྒྲོལ་བྱ་སྤྱོད་ལག་བསྟར་ཇུས་གཞི》དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ལྷག་པར་དུ་གཙོ་གནད་རྣམ་གྲངས་ལ་ཁག་བགོས་འགོ་ཁྲིད་ཀྱིས་གདུབ་ཟུམ་བཀོད་གཏོང་བྱས་ཏེ་དུས་ཚོད་འོས་འཚམ་ལ་གྲོས་མོལ་ཚོགས་འདུ་འཚོགས་ནས་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་རྩིས་ཁྲ་བཀལ་ནས་ལྟ་སྐུལ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མཐོ་རུ་གཏོང་བ་དང་། ནོར་སྲིད་སྔོན་རྩིས་ནང་གི་རྣམ་གྲངས་ལ་མ་དངུལ་གཏོང་སྒོའི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་གྱི་འགོ་ཁྲིད་ལི་ཅང་ཤིན་དང་། བཀྲ་ཤིས་དཔལ་སྒྲོན། ལུའུ་ཚུང་ཧྥུ། ཕན་ཝུན་ཆིང་། ཀའོ་ཅུན་བཅས་ཚོགས་འདུར་ཞུགས་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社