(པར་ངོས་དང་པོར་མཐུད)བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་དོན་འཁྱོལ་ནན་ཏན་བྱས་ནས་ཏང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་རྩ་བ་ཚུགས་པ་དང་འབྲས་བུ་ཐོན་རྒྱུའི་འགན་ལེན་བྱེད་དགོས་པ། ཡིད་ཆེས་བརྟན་གཏོང་དང་། ངར་ཤུགས་གཅིག་སྒྲིམ་གྱིས་རྣམ་གྲངས་མ་འཇོག་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱེད་པ་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་འཛད་སྤྱོད་འཕར་རྒྱུར་རྒྱུན་མཐུད་དེ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བ། འགན་ལེན་བྱ་རྒྱུ་བཅས་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་གནས་ཐོག་བརྟན་པོའི་ངང་ལས་ཞུགས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཐོག་ལོ་ཧྲིལ་པོའི་དཔལ་འབྱོར་ལས་དོན་གྱི་ལས་འགན་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ། བྱ་སྤྱོད་ཆེན་པོ་གསུམ་རྒྱུན་མཐུད་ངང་སྲ་བརྟན་དང་སྐུལ་འདེད་བཏང་ནས་འགལ་བ་དང་རྩོད་གཞིའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་ཐག་གཅོད་ནན་ཏན་བྱས་ཏེ།མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ་རྒྱུན་རྣམ་ཅན་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ངང་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས་པ། སྤྱོད་ཚུལ་ལ་འགྱུར་ལྡོག་མཐར་ཕྱིན་པ་བཏང་ནས་ལས་དོན་དོན་འཁྱོལ་དམ་འཛིན་ནན་ཏན་བྱས་ཏེ་ལས་དོན་ཁག་གི་གཞི་གྲངས་ཁ་གསལ་དང་གནས་ཚུལ་ཁ་གསལ་ཡོང་བར་བྱས་ནས་གདེང་ཚོད་ཡོད་པ་དང་། ཕྲག་ཐོག་ཏུ་འགན་འཁྲི་ཡོད་པ། ལག་ཐོག་ཏུ་ཐབས་ཤེས་ཡོད་པ་བཅས་ཀྱི་འགན་ལེན་བྱས་ཏེ་གཟེར་འདེབས་པའི་སྙིང་སྟོབས་ལ་བརྟེན་ནས།ལས་དོན་ཁག་དོན་འཁྱོལ་ཞིབ་ཚགས་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁྲེན་ཀོན་ཆུས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཞུས་ཧའེ་ཚོགས་འདུར་ཕེབས་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社