分享按钮

ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གནང་སྟེ་དོགས་གཞིར་ལན་བཏབ་པ།

ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་གྱི་བཞུགས་མོལ་ཚོགས་འདུ་རབ་དང་རིམ་པ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་11ཉིན། ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་གྱི་བཞུགས་མོལ་ཚོགས་འདུ་རབ་དང་རིམ་པ་འཚོགས་ཤིང་། ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་དང་། ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས། ལྷ་ས་གྲོང་ཁྱེར་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན། ལྷ་ས་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས། ལྷ་ས་གྲོང་ཁྱེར་དངུལ་རྩ་དོ་དམ་ཅུས། ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་སོགས་ཚན་པས་འབྲེལ་ཡོད་ཤེས་ལྡན་པའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁྱབ་ཁོངས་ཁག་གི་ཤེས་ལྡན་པར་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གནང་སྟེ་དོགས་གཞིར་ལན་འདེབས་པའི་སྟེགས་བུ་ཞིག་བསྐྲུན་པ་རེད།

ཉིན་དེར། གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་འཚོགས་པའི་ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་གྱི་འཕྲལ་སྡོམ་དོ་དམ་ཤེས་ལྡན་པའི་བཞུགས་མོལ་ཚོགས་འདུའི་ཐོག གྲོང་ཁྱེར་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་དང་རིགས་གཅིག་མཁས་ཅན་གྲགས་ཅན་ཝང་ཅ་ཅུན་གྱིས་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་ལ་དོ་དམ་དང་ཚོད་འཛིན་བྱེད་དགོས་ཞེས་པ་གཙོ་དོན་དུ་བྱས་ནས་བཞུགས་མོལ་གནང་བ་རེད། དགེ་རྒན་ཆེན་མོ་བ་ཝང་ཅ་ཅུན་གྱིས་ཇི་ལྟར་བྱས་ནས་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་ལ་ལྟ་སྐུལ་དོ་དམ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ངང་རྒྱུད་རིང་པོའི་སྒོ་ནས་གསལ་འགྲེལ་གནང་བ་རེད།

ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་གྱི་དངུལ་རྩ་དང་ཚན་རྩལ་གྱིས་ཐོན་སྐྱེད་ནུས་ཤུགས་གསར་པ་ཐོན་པར་མ་འདྲེན་དང་འཕེལ་རྒྱས་ཇི་ལྟར་བྱེད་དགོས་ཞེས་པ་གཙོ་དོན་དུ་བྱས་པའི་བཞུགས་མོལ་ཚོགས་འདུའི་ཐོག ལྷ་ས་གྲོང་ཨུད་ནོར་དོན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་གིས་ལྷ་ས་གྲོང་ཁྱེར་གྱི་དངུལ་རྩའི་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་རྒྱལ་ཁབ་ཕྱི་ནང་གི་དངུལ་རྩ་དང་ཚན་རྩལ་ཁྱབ་ཁོངས་ཀྱི་རྣམ་པ་གསར་ཤོས་ངོ་སྤྲོད་གནང་བ་རེད། ཚོགས་ཞུགས་པ་ཚོས་གཏམ་བཤད་གནང་བ་དང་འབྲེལ་རིགས་གཅིག་མཁས་ཅན་ལ་དྲི་བའང་བཏོན་གནང་བ་རེད།

ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་གྱི་ས་ཁོངས་ཐོན་ལས་ཀྱི་འབྱུང་ཁམས་གསར་པ་གཏོད་པ་དང་། ཚོང་འགུགས་མ་འདྲེན་གྱི་ཕན་ནུས་ཆེན་པོ་མངོན་འགྱུར་བྱེད་ཅེས་པའི་ཚོང་འགུགས་མ་འདྲེན་གྱི་ལས་དོན་ལེགས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་ཀྲུང་དབྱང་གི་མཛུབ་ཁྲིད་བྱེད་ཕྱོགས་དང་མིག་སྔའི་དཔལ་འབྱོར་ཁོར་ཡུག་དང་ཟུང་འབྲེལ་བྱས་ཏེ། ཤེས་ལྡན་པ་ནང་འདྲེན་དང་། ཐེབས་རྩ་ནང་འདྲེན་སོགས་ཕྱོགས་བཞིའི་ཐད་ནས་ཚོང་འགུག་མ་འདྲེན་གྱི་ཐབས་ལམ་སྒྱུར་བཅོས་གཏོང་དགོས་པར་རང་ཉིད་ཀྱི་བསམ་ཚུལ་གླེང་བ་དང་། ཚོགས་ཞུགས་པ་ཚོས་ཇི་ལྟར་བྱས་ནས་ཚོང་འགུགས་མ་འདྲེན་གྱི་ལས་དོན་ལེགས་སུ་གཏོང་བའི་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།

ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏའེ་མིན་གྱིས་ཕྱིས་འབྱུང་ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་དེ་གོ་སྐབས་སུ་བྱས་ནས། བརྟག་ཞིབ་གཏིང་ཟབ་དང་། ཚོང་འགུགས་མ་འདྲེན་གྱི་རྣམ་པ་གསར་གཏོད། ས་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ཚོང་འགུགས་མ་འདྲེན་གྱི་ཕན་ནུས་ཆེ་རུ་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།

ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་གྱི་མིས་བཟོས་རིག་ནུས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་དང་སྨྱན་སྦྱོར་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་བསྩོལ་བ་ཞེས་པ་གཙོ་དོན་དུ་བྱས་པའི་བཞུགས་མོལ་ཚོགས་འདུའི་ཐོག ཆིང་ཧྭ་སློབ་ཆེན་གསར་འགྱུར་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཧྲེན་དབྱང་གིས་རིག་གཞུང་གི་ནང་དོན་ཟབ་མོ་དང་། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-14 ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གནང་སྟེ་དོགས་གཞིར་ལན་བཏབ་པ། 6 6 拉萨日报藏文 c186084.html 1 ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་གྱི་བཞུགས་མོལ་ཚོགས་འདུ་རབ་དང་རིམ་པ་འཚོགས་པ། /enpproperty-->