分享按钮

ཁྲེང་ཀོན་ཆུས་ཀྱིས་གྲོང་ཨུད་ཀྱི་ཆེད་དོན་ལས་དོན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་12ཉིན། ཁྲེང་ཀོན་ཆུས་ཀྱིས་གྲོང་ཨུད་ཀྱི་ཆེད་དོན་ལས་དོན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

ཚོགས་འདུའི་ཐོག་ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་གྲོང་ཨུད་ཀྱི་གཙོ་གནད་ལས་དོན་ཁག་དྲུག་སྤེལ་ཚུལ་སྐོར་གྱི་སྙན་ཞུར་གསན་པ་དང་། ཆེད་དོན་ལས་དོན་ཚོགས་ཆུང་གིས་ཁྲེང་ཀོན་ཆུས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་འགན་ནུས་ཚན་པའི་འགན་འཁུར་བློ་མཐུན་དབར་བཞུགས་མོལ་དང་སྤེལ་རེས་གཏིང་ཟབ་གནང་སྟེ། ལས་དོན་ཁྲོད་ལྷག་པའི་དཀའ་ངལ་གྱི་གནད་དོན་དང་།ལྷག་པར་དུ་སྒྲིག་སྲོལ་ལམ་སྲོལ་ཐད་ལྷག་པའི་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་ནན་ཏན་གནང་བ་དང་ཚོགས་ཞུགས་བློ་མཐུན་ཚོའི་བསམ་འཆར་དང་གྲོས་འགོར་གསན་པ་རེད།

ཧོ་ཕུང་གིས་བསྟན་དོན།ཆེད་དོན་ལས་དོན་ཚོགས་ཆུང་དང་བཅས་པ་ཁྲེང་ཀོན་ཆུས་སུ་བསྐྱོད་པ་ནས་བཟུང་གྲོང་ཨུད་ཀྱི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། གྲོང་ཨུད་ཀྱིས་གཏན་འཁེལ་བྱས་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་སོགས་གཙོ་གནད་ལས་དོན་ཁག་དྲུག་ལ་དམ་པོར་དམིགས་ནས།ཁྲོམ་གཞུང་14ཡི་ས་ཚིགས་30ལྷག་ཙམ་ལ་བསྐྱོད་དེ་སྒྲོག་འགྲེལ་དང་བརྟག་ཞིབ་བྱས་པ་དང་། ཁྲེང་ཀོན་ཆུས་ཀྱི་ཚོགས་འདུ་གལ་ཆེན་ཐེངས་5ལ་ཞུགས་ནས་ཁྲེང་ཀོན་ཆུས་ཀྱི་ལས་བྱེད་པ་དང་མཉམ་དུ་སློབ་སྦྱོང་དང་། བརྟག་ཞིབ། བསམ་གཞིགས། ལས་དོན་བསྒྲུབས་པ། འདྲི་གཞི་གཅིག་ལ་མཉམ་དུ་ལན་འདེབས་པ། མཉམ་འགུལ་བཅས་བྱས་ཏེ་ཁྲེང་ཀོན་ཆུས་ཀྱི་ལས་དོན་དང་གཞི་གཅིག་ཏུ་འདྲེས་པ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བས་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་པ་དང་། ཆེད་དོན་ལས་དོན་ཚོགས་ཆུང་གིས་མུ་མཐུད་ནས་བརྟག་ཞིབ་མཛུབ་ཁྲིད་གཏིང་ཟབ་བྱས་ནས་དཀའ་ངལ་ཡོད་པའི་གནད་དོན་གསེད་བཀྲོལ་་བྱས་ཏེ། ལས་ཀའི་དཀའ་གནད་དང་འགག་གནད་དུས་ཐོག་ཏུ་ཐག་གཅོད་བྱེད་རོཊ་བྱེད་དགོས།

ཧོ་ཕུང་གིས་བླང་བྱ་བཏོན་དོན།ཁྲེང་ཀོན་ཆུས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་འདིར་དམ་འཛིན་བྱས་ཏེ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-14 6 6 拉萨日报藏文 c186083.html 1 ཁྲེང་ཀོན་ཆུས་ཀྱིས་གྲོང་ཨུད་ཀྱི་ཆེད་དོན་ལས་དོན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ། /enpproperty-->