分享按钮

གྲོང་སྤྱིའི་གཞུང་དོན་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་འཛུཊ་སྐྲུན་རྣམ་གྲངས་སོཊ་གཙོ་གནད་ལས་དོན་ལ་ཆེད་དོན་བཀོད་གཏོང་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་སྤྱིའི་གཞུང་དོན་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་འཛུགས་སྐྲུན་རྣམ་གྲངས་སོགས་གཙོ་གནད་ལས་དོན་ལ་ཆེད་དོན་བཀོད་གཏོང་བྱས་པ་དང་། 2024ལོར་དཔལ་འབྱོར་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་ལོ་དཀྱིལ་གྱི་འགག་སྒྲོལ་བྱ་སྤྱོད་ལག་བསྟར་ཇུས་གཞིར་ཞིབ་འཇུག་བྱས་པ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཟོ་བ་དང་ལག་བསྟར་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་ལམ་ལུགས་བཀོད་སྒྲིག་དང་བཅོས་སྐྱོང་བྱེད་སྟངས་ཤིག་དང་།རྒྱལ་སྲིད་སྐྱོང་ལུགས་ཀྱི་བྱེད་སྟངས་གལ་ཆེན་ཞིག་ཡིན་པས་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་བ་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། འཆར་འགོད་ཀྱིས་སྣེ་ཁྲིད་བྱེད་དགོས་ཤིང་། ཆབ་སྲིད་ཀྱི་ཚུགས་གནས་གོང་མཐོར་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཆེ་རུ་གཏོང་བ། བསམ་ཇུས་གཅིག་གི་བསམ་བློ་འཛུགས་པ། བྱ་གཞག་ལ་ཚད་མཐོའི་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ལ་བརྟེན་ནས་ལས་རིགས་ཚན་པ་དང་། ཆུས་དང་རྫོང་། ནུས་པའི་གླིང་ཁུལ་བཅས་ཀྱི་ལོ་ལྔའི་འཆར་འགོད་ཀྱི་འཕེལ་རྒྱས་དམིགས་ཚད་དང་འཐབ་ཇུས་འཆར་འགོད་ལ་ཞིབ་འཇུག་དང་གསེད་བཀྲོལ་ནན་ཏན་བྱས་ཏེ་སྒྲིག་གཞིའི་རང་བཞིན་དང་ནུས་པའི་རང་བཞིན་གཞི་གཅིག་ཏུ་འདུས་པ་མངོན་གསལ་དོད་པོས་བསམ་གཞིགས་གསར་གཏོད་དང་ཇུས་འགོད་ཞིབ་ཚགས་བྱས་ནས་ཚད་གཞི་མཐོ་བ་དང་ཆུ་ཚད་མཐོ་པོས་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་རྩེ་རིམ་ཇུས་འགོད་ཡག་པོ་བྱེད་དགོས། ཕྱི་ནང་མཉམ་འགུལ་བྱེད་དགོས་ཤིང་། རིམ་པ་ཁག་དང་ཚན་པ་ཁག་གི་ནང་ཁུལ་དུ་གོང་འོག་ཟུང་འབྲེལ་བྱེད་པ་དང་། ཕྱི་ཕྱོགས་ནས་རིགས་གཅིག་མཁས་ཅན་ལ་བརྟེན་པ། གྲོང་ཁྱེར་ཡོངས་ཀྱི་ལྟེ་བའི་ལས་དོན་དང་ལས་རིགས་ཁག་གི་གཙོ་གནད་ལས་དོན་ལ་དམིགས་ཏེ་རྣམ་གྲངས་དང་བརྗོད་གཞི་བཟོ་བ་དང་། རིགས་གཅིག་མཁས་ཅན་གདན་འདྲེན་ཞུས་ཏེ་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་བློ་བསྡུས་དགེ་འཚོལ་བྱེད་པ། འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏོད་པ་བཅས་བྱས་ནས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་དགོས། སེམས་ནང་གདེང་ཚོད་ཡོད་པ་བྱེད་དགོས་ཤིང་། ཁག་བགོས་དོ་དམ་འགོ་ཁྲིད་ཁག་གིས་ཁག་བགོས་དོ་དམ་བྱ་ཡུལ་ཚན་པ་དང་ཁྱབ་ཁོངས་ཀྱི་ལོ་ལྔའི་ལས་དོན་འཆར་འགོད་ལ་བཀོད་གཏོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་འཆར་འགོད་ལ་དམ་འཛིན་ཡག་པོ་དང་། འཆར་གཞི་འཆར་འགོད་ཡག་པོ། རྩེ་རིམ་ཇུས་འགོད་ཡག་པོ། ལག་བསྟར་ཐབས་ལམ་ཇུས་འགོད་ཡག་པོ་བཅས་བྱེད་དགོས། དུམ་བུ་དང་དུམ་བུ་འབྲེལ་མཐུད་བྱེད་དགོས་ཤིང་། འགན་ནུས་སྡེ་ཚན་ཁག་གིས་ལས་རིགས་ཀྱི་སྣེ་ཁྲིད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཆུས་རྫོང་ཁག་དང་ནུས་པའི་གླིང་ཁུལ་དང་འབྲེལ་གཏུགས་འབྲེལ་མཐུད་དང་ཡང་ཡང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-14 6 6 拉萨日报藏文 c186085.html 1 གྲོང་སྤྱིའི་གཞུང་དོན་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་འཛུཊ་སྐྲུན་རྣམ་གྲངས་སོཊ་གཙོ་གནད་ལས་དོན་ལ་ཆེད་དོན་བཀོད་གཏོང་བྱས་པ། /enpproperty-->