ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་10ཉིན་གྱི་ཕྱི་དྲོར།ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་གྱི་བྱེད་སྒོ་རབ་དང་རིམ་པ་ལས་ཆེད་ལས་མཁས་པའི་གཙོ་དོན་གཏམ་བཤད་ཀྱི་བྱེད་སྒོ་དེ་ལྷ་སའི་ཀྲོའུ་ཅི་གསོལ་མགྲོན་ཁང་དུ་སྤེལ་བ་རེད། རིགས་མི་འདྲ་བ་ནས་ཡོང་བའི་ཆེད་ལས་མཁས་པ་5ཡིས་སོ་སོའི་ཆེད་ལས་དང་ལག་ལེན་གྱི་ཉམས་མྱོང་ཟུང་འབྲེལ་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་པ་གསོ་སྐྱོང་དང་། ཚན་རྩལ་དངུལ་རྩ་འཕེལ་རྒྱས། ཞིང་ལས་འཕེལ་རྒྱས་སོགས་ཀྱི་ཐད་ནས་ངོ་མཚར་ཆེ་བའི་གཙོ་དོན་གཏམ་བཤད་སྤེལ་ཞིང་། ཚོགས་ཞུགས་པར་ལྟ་བ་མི་འདྲ་བ་ཞིག་ཚོར་དུ་བཅུག་ནས་བློ་སྐྱེད་ཆེན་པོ་བྱུང་ཡོད།
གཙོ་དོན་གཏམ་བཤད་ཀྱི་བརྒྱུད་རིམ་ནང་། ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁྲེན་ཞའོ་དང་། ཆིང་ཧྭ་སློབ་ཆེན་གསར་འགྱུར་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧྲེན་དབྱང་། ཧའར་པིན་བཟོ་ལས་སློབ་ཆེན་རྫས་འགྱུར་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཝང་ཅ་ཅུན། ཀྲུང་གོའི་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧུའུ་ཅིན་ཡིའུ། ཆི་ཏི་མ་རྐང་ཚོད་འཛིན་ལག་བསྟར་སྤྱི་འདོམས་པ་ཀྲང་ཅིན་ཧྲེང་བཅས་ཀྱིས་ཁ་བྱང་དུ《ཚན་རྩལ་དངུལ་རྩ་དང་ཐོན་སྐྱེད་ནུས་ཤུགས་གསར་པ》ཞེས་པ་དང་། 《AIདང་ཐོན་སྐྱེད་ནུས་ཤུགས་གསར་པ》ཞེས་པ། 《ཐོན་སྐྱེད་ནུས་ཤུགས་གསར་པར་ཕྱོགས་པའི་ནུས་རྒྱུ་གསར་པའི་ལག་རྩལ》ཞེས་པ། 《ཚན་རྩལ་གསར་གཏོད་དང་ཞིང་ལས་ཁྱབ་ཁོངས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ》ཞེས་པ། 《ཚན་རྩལ་གསར་གཏོད་དང་ཞིང་ལས་ཁྱབ་ཁོངས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ》ཞེས་པ།《གསར་གཏོད་ལས་གཏོད་དང་གྲུབ་འབྲས་གཞན་སྒྱུར་ལ་ཞབས་ཞུ་ལེགས་པར་བསྒྲུབས་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་ལ་སྐུལ་འདེད་གཏོང་བ》ཞེས་པ་བཀོད་ནས།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社