分享按钮

ལྗོངས་ཡོངས་ཀྱི་སྐབས་དང་པོའི་རྒྱུད་བཟང་ཕྱུགས་རིགས་དཔྱད་བསྡུར་འགྲན་བསྡུར་ཆེ་མོ་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་10ཉིན་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བའི་བོད་ལྗོངས་ཡོངས་ཀྱི་སྐབས་དང་པོའི་རྒྱུད་བཟང་ཕྱུགས་རིགས་དཔྱད་བསྡུར་འགྲན་བསྡུར་གྱི་བྱེད་སྒོ་དེ་འདམ་གཞུང་རྫོང་དུ་འགོ་ཚུགས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་དང་། རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་ཐིང་ཀྲང་ཀྲང་ཧའེ་པོ། ལྷ་ས་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་བཀྲ་ཤིས་དཔལ་སྒྲོན།དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་མི་སྣ་བཅས་བྱེད་སྒོར་ཞུགས་པ་རེད།

ད་རེས་ཀྱི་འགྲན་བསྡུར་ཆེ་མོའི་ནང་།འབྲི་གཡག་གི་རིགས་རྒྱུད་ལ་ཕག་རིའི་འབྲི་གཡག་དང་། ཉང་གཡག གཟི་ཕུག་གི་འབྲི་གཡག་སོགས་རྒྱུད་འབྲེལ་འབྲི་གཡག་རིགས་5ཞུགས་ཡོད་པ་དང་། བོད་ལུག་གི་རིགས་རྒྱུད་ལ་ཨ་དབང་གི་ལུག་དང་གམ་པའི་ལུག ཧོར་པའི་ལུག་སོགས་རྒྱུད་འབྲེལ་ལུག་རིགས་8ཞུགས་ཡོད།ཉེ་བའི་ལོ་ཤས་རིང་ཐོབ་པའི་རང་ལྗོངས་ཀྱི་ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་བཅོས་ཀྱི་ཕན་འབྲས་མངོན་པར་བྱ་ཆེད། ཧོ་སི་ཐན་གྱི་བ་ཕྱུགས་རྒྱུད་པ་ལེགས་བཅོས་ཀྱི་རྒྱུད་ཕྱི་མ་དང་ཅོན་ཧྲན་གྱི་བ་གླང་རྒྱུད་པ་ལེགས་བཅོས་ཀྱི་རྒྱུད་ཕྱི་མ།མངའ་རིས་ས་ཁུལ་གྱི་ཁུ་ལུ་དཀར་པོའི་ར་དང་ཁུ་ལུ་སྨུག་པོའི་ར་བཅས་འགྲེམས་སྟོན་བྱེད་སྒོའི་ནང་ཞུགས་པ་རེད།

ས་ཁུལ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མང་ཚོགས་ཡུལ་སྐོར་བས་སྤྱི་ཡོངས་ཀྱི་ཁྱད་ཆོས་དང་། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-13 6 6 拉萨日报藏文 c186069.html 1 ལྗོངས་ཡོངས་ཀྱི་སྐབས་དང་པོའི་རྒྱུད་བཟང་ཕྱུགས་རིགས་དཔྱད་བསྡུར་འགྲན་བསྡུར་ཆེ་མོ་གཉེར་བ། /enpproperty-->