ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཕྱོཊ་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུཊ་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནང་།“འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཡིན”ཞེས་བསྟན་ཡོད། ཉེ་ཆར་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག“དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་ཤུགས་ཆེ་རུ་གཏོང་དགོས”ཞེས་ནན་གསུངས་གནང་ཡོད།
འཕེལ་རྒྱས་ནི་མདུན་ངོས་སུ་ཕྱོགས་ཤིང་། དམངས་འཚོ་ནི་དྲོ་སྐྱིད་ལ་ཕྱོགས། ས་གནས་ཁག་དང་སྡེ་ཚན་ཁག་གིས་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་དང་། སྒྱུར་བཅོས་བྱ་ཐབས་དང“དམངས་འཚོའི་གསལ་ཐོ”རེ་རེ་བཞིན་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་འཐུས་ཚང་དང་། སྔར་བས་འགན་སྲུང་ལྡན་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད།
མ་དངུལ་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་འཚོའི་རྨང་གཞི་བརྟན་དུ་བཏང་བ།
ཡུན་རིང་མ་སོང་གོང་།ཀྲང་ཚི་ཧུའེ་ཡིས་གཏམ་བཟང་ཡོད། ཅི་ཀྲོའུ་ཡའོ་ཡི་ཇ་ཆས་ཆ་ཚང་200བཙོངས་ཚར་བར་མ་ཟད། ད་དུང་མངགས་ཐོ་11ཡོད། རྗེས་ཀྱི་ཉིན་ཤས་རིང་བྲེལ་བ་ཆེན་པོ་ཡོད་ཅེས། ཧྲེན་ཀྲེན་རིག་གནས་དངོས་མང་སྟོན་ཚོགས་ཀྱི་འགྲེམས་སྟོན་ནང་ཞུགས་ནས་ཅང་ཤིས་སུ་ལོག་སྐབས་ཚོགས་པའི་ཁོངས་མིར་གཏམ་བཟང་དེ་བཤད་ཡོད།
སློབ་ཆེན་ལོ་རིམ་དང་པོ་ནས་བཟུང་། ཀྲང་ཚི་ཧུའེ་ཅི་ཨན་ལས་རིགས་ལག་རྩལ་སློབ་གླིང་ཅི་ཀྲོའུ་ཡའོ་མངོན་མིན་རིག་གནས་ཤུལ་བཞག་ལས་གཏོད་འཛིན་གྲྭར་ཞུགས་ཤིང་། སློབ་མཐར་ཕྱིན་རྗེས་ཁོང་དང་སློབ་གྲོགས་14མུ་མཐུད་སློབ་གྲྭར་བསྡད་ནས་བྱ་གཞག་གསར་གཏོད་བྱ་རྒྱུའི་གདམ་ག་བྱས་ཤིང་། སློབ་གྲྭས་ཁོང་ཚོར་མཛུབ་ཁྲིད་དགེ་རྒན་ཚོགས་པ་དང་། རིན་པ་མི་དགོས་པའི་ས་ཆ། ལས་གཏོད་མ་དངུལ་སྒོར་ཁྲི་2བཅས་མཁོ་འདོན་བྱས་པར་མ་ཟད། ལོ་5ཡི་ནང་མུ་མཐུད་ཅི་ཀྲོའུ་ཡའོ་མཛེས་ལྗོངས་ཁུལ་དུ་གསོ་སྐྱོང་བྱེད་པའི་གོ་སྐབས་ཀྱང་མཁོ་འདོན་བྱས་ཡོད།
ཅི་ཨན་ལས་རིགས་སློབ་གླིང་ཅི་ཀྲོའུ་ཡའོ་སྒྱུ་རྩལ་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ལིའུ་ཁྲེན་གྱིས། ཉེ་བའི་ལོ་ཤས་རིང་། སློབ་གླིང་གིས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་གསར་གཏོད་ལས་གཏོད་ཤེས་ལྡན་པའི་གསོ་སྐྱོང་འཆར་གཞི་བརྒྱུད། གསར་གཏོད་ལས་གཏོད་ཚོགས་པ་མང་པོ་གསོ་སྐྱོང་བྱས་ཡོད་ཅེས་བཤད།
ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན། གཏན་འབེབས་ནང་།“ལས་གཏོད་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། ལས་ཞུགས་རྣམ་པ་གསར་པ་ལ་རྒྱབ་སྐྱོར་དང་ཚད་ལྡན་དུ་གཏོང་དགོས”ཞེས་ནན་གསུངས་གནང་ཡོད། ས་གནས་དང་སྡེ་ཚན་ཁག་གིས་སྒྱུར་བཅོས་ལས་བྱུང་བའི་སྒུལ་ཤུགས་དང་བྱ་ཐབས་ལ་བརྟེན་ནས་སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”རབ་དང་རིམ་པ་བཏོན་ཡོད་པ་སྟེ།
ཀྲུང་དབྱང་ནོར་སྲིད་ཀྱིས་ད་ལོར་ལས་ཞུགས་ཁ་གསབ་མ་དངུལ་གྱི་སྔོན་རྩིས་སྒོར་དུང་ཕྱུར་667བཀོད་སྒྲིག་བྱས་ཤིང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་།སློབ་གསོ་པུའུ། ནོར་སྲིད་པུའུ་བཅས་ཀྱིས་ལས་ཞུགས་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱ་ཐབས་11བཏོན་པའི་ནང་། ལས་ཞུགས་ཁ་གསབ་བསྡུ་ལེན་དང་ལས་གནས་རྒྱ་བསྐྱེད་ཀྱི་ཁ་གསབ་སྲིད་ཇུས་བསྡུ་སྒྲིལ་དང་ལེགས་སུ་གཏོང་བ་དང་། ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་ཁ་གསབ་བསྡུ་ལེན་དང་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་བསྐྱེད་ཀྱི་ཁ་གསབ་སྲིད་ཇུས་ཟླ་སྒྲིལ་གཏོང་བ། སི་ཁྲོན་གྱིས་ལས་གནས་བརྟན་པོ་དང་ལས་གནས་མང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་དུ་བརྩིས་ནས་ཁེ་ལས་ཀྱིས་ལས་གནས་དེ་བས་མང་དུ་བཏང་སྟེ།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社