分享按钮

རྔ་ཆེན་ཁྲོམ་གཞུང་རྔ་ཆེན་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གི་འཁོར་རྒྱུག་དཔེ་དེབ་ཞབས་ཞུའི་ས་ཚིགས་ཀྱི་སྒོ་བྱང་བཀལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རིག་དཔལ་ལྡན་པའི་རྔ་ཆེན་འཛུགས་སྐྱོང་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་།རྒྱ་ཆེའི་གྲོང་མི་མང་ཚོགས་ལ་དཔེ་ཀློག་གི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱ་ཆེད། ཉེ་ཆར།ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་དང་རྔ་ཆེན་ཁྲོམ་གཞུང་གིས་མཉམ་ལས་བྱས་པའི་རྔ་ཆེན་གྲོང་ཚོའི་ཏང་མང་ཞབས་ཞུའི་ལྟེ་གནས་ཀྱི་འཁོར་རྒྱུག་དཔེ་དེབ་ཞབས་ཞུའི་ས་ཚིགས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་བ་རེད།

ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་དང་རྔ་ཆེན་ཁྲོམ་གཞུང་གི་འགན་འཁུར་བས་རྔ་ཆེན་ཁྲོམ་གཞུང་རྔ་ཆེན་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གི་ཏང་མང་ཞབས་ཞུའི་ལྟེ་གནས་ཀྱི་འཁོར་རྒྱུག་དཔེ་དེབ་ཞབས་ཞུའི་ས་ཚིགས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་བ་དང་།དེ་རྗེས་སྡེ་ཁུལ་གྱི་ལས་བཟོ་བའི་འཐུས་མིས་རང་སོ་སོའི་དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད་བྱས་ནས།དཔེ་ཀློག་གི་རྣམ་པ་ཟབ་མོ་ཞིག་བཏོད་པས་སྡེ་ཁུལ་དུ་དཔེ་ཀློག་གི་དར་སྲོལ་ཞིག་ཆགས་པ་རེད།

འཁོར་རྒྱུག་དཔེ་དེབ་ཞབས་ཞུའི་ས་ཚིགས་ནང་གནའ་བོའི་སྙན་ངག་གི་དཔེ་དེབ་དང་འཛམ་གླིང་གི་བརྩམས་ཆོས་གྲགས་ཅན།ཚན་རིག་ཁྱབ་གདལ་གྱི་སློབ་དེབ་སོགས་སྤུས་ལེགས་ཀྱི་དཔེ་དེབ་ཐོན་ཁུངས་ཡོད།ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གིས་དུས་བཀག་ལྟར་དཔེ་དེབ་གསར་དུ་བརྗེས་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་སྤུས་ལེགས་ཀྱི་རིག་གནས་ཐོན་ཁུངས་མཁོ་འདོན་ཧུར་ཐག་བྱ་རྒྱུ་དང་། སྡེ་ཁུལ་དང་དེབ་ཁང་མཉམ་སྐྲུན་བྱེད་སྟངས་འཚོལ་ཞིབ་ཏན་ཏིག་བྱས་ནས།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-13 6 6 拉萨日报藏文 c186068.html 1 རྔ་ཆེན་ཁྲོམ་གཞུང་རྔ་ཆེན་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གི་འཁོར་རྒྱུག་དཔེ་དེབ་ཞབས་ཞུའི་ས་ཚིགས་ཀྱི་སྒོ་བྱང་བཀལ་བ། /enpproperty-->