分享按钮

སྟག་རྩེ་ཆུས་ཀྱིས་དགའ་རོགས་མེད་པའི་ གཞོན་ནུའི་གཉེན་མཐུན་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་8ཉིན། ལྷས་གྲོང་ཁྱེར་སྟག་རྩེ་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་སྟག་རྩེ་ཆུས་མང་ཚོགས་ཚོགས་པའི་ལས་དོན་པུས་གཉེར་འགན་ཁུར་བའི་སྟག་རྩེ་ནས་ལས་འབྲེལ་བྱུང་བ་དང་དབྱར་དུས་མེ་ཏོག་བཞད་ཅེས་པའི་དགའ་རོགས་མེད་པའི་གཞོན་ནུའི་གཉེན་མཐུན་བྱེད་སྒོ་སྟག་རྩེ་ཆུས་སུ་དངོས་སུ་གཉེར་བ་རེད།

བྱེད་སྒོའི་ཡུལ་དངོས་སུ་དྲོ་སྐྱིད་ལྡན་པ་དང་ཉམས་དགའ་བའི་རྣམ་པས་ཁེངས་ཤིང་། བག་ཕེབས་པའི་རོལ་དབྱངས་ཀྱིས་བྱེད་སྒོར་སྤྲོ་སྣང་དོད་པའི་རྣམ་པ་ཞིག་བཏོད་ཡོད། གཙོ་སྐྱོང་པའི་ཁྲིད་སྟོན་དང་བསྟུན་ནས་རོལ་རྩེད་ཀྱི་ལྷུ་ཚིགས་འགོ་ཚུགས་ཤིང་བག་ཕེབས་དང་སྤྲོ་སྣང་ལྡན་པའི་རོལ་རྩེད་ཆུང་ཆུང་རབ་དང་རིམ་པས་སྐུ་མགྲོན་ཚོའི་རྒྱུས་མེད་ཀྱི་ཚོར་སྣང་མགྱོགས་མྱུར་མེད་པར་བཟོས་ནས་ཡུལ་དངོས་ཀྱི་རྣམ་པ་རིམ་བཞིན་འཁྲུག་ཆ་དོད་དུ་གྱུར། དེ་རྗེས་ཀྱི་འཚེམ་དྲུབ་སྤོ་ལོའི་ལྷུ་ཚིགས་ཀྱིས་བྱེད་སྒོར་མཐོ་རླབས་འཕྱུར་བ་དང་ཡུལ་དངོས་སུ་དགའ་སྤྲོའི་དགོད་སྒྲས་ཁེངས། མཇུག་མཐར། སྐུ་མགྲོན་ཚོས་བག་ཕེབས་ཀྱི་རོལ་དབྱངས་དང་གློག་འོད་འོག་རང་མོས་ཀྱིས་བསམ་བློ་སྤེལ་རེས་དང་འཚོ་བར་མཉམ་སྤྱོད་བྱས། སྟག་རྩེ་ཆུས་མང་ཚོགས་ཚོགས་པའི་ལས་དོན་པུའི་པུའུ་ཀྲང་ཐེན་ཞན་ཀྲེན་གྱིས་ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཚན་པ་ཁག་གི་གཞོན་ནུ་གྲོགས་པོ་ཚོས་སྔར་བས་འབྲེལ་གཏུག་དང་སྤེལ་རེས་བྱ་རྒྱུར་སྐུལ་མ་ཐེབས་ནས་ཁོང་ཚོའི་ལས་ཞོར་གྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་བདེ་སྐྱིད་ཀྱི་ཚོར་སྣང་ཆེ་རུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བཤད།

ད་ཐེངས་ཀྱི་བྱེད་སྒོ་དེས་སྟག་རྩེ་ཆུས་ཀྱི་དགའ་རོགས་མེད་པའི་གཞོན་ནུ་ལས་བཟོ་བར་སྤྲོ་སྣང་དང་འཆར་ཡན་སྦྱིན་པར་མ་ཟད། ཁོང་ཚོར་བདེ་སྐྱིད་ཀྱི་འཚོ་བའི་ཕྱོགས་སུ་སྐྱོད་པའི་འབྲེལ་ཟམ་ཞིག་དེ་བས་ཀྱང་བསྐྲུན་ཡོད། སྟག་རྩེ་ཆུས་ཀྱིས་དགའ་རོགས་མེད་པའི་གཞོན་ནུ་ལས་བཟོ་པའི་དགའ་རོགས་སྒྲིག་པའི་དགོས་མཁོར་མུ་མཐུད་དོ་ཁུར་བྱ་རྒྱུ་དང་སྤེལ་རེས་ལས་སྟེགས་དེ་བས་མང་བ་ཧུར་ཐག་བསྐྲུན་ནས་ཁོང་ཚོའི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་སྟག་རྩེའི་གཞོན་ནུ་ལས་བཟོ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-12 6 6 拉萨日报藏文 c187439.html 1 སྟག་རྩེ་ཆུས་ཀྱིས་དགའ་རོགས་མེད་པའི་ གཞོན་ནུའི་གཉེན་མཐུན་བྱེད་སྒོ་སྤེལ་བ། /enpproperty-->