分享按钮

ཁྲེང་ཀོན་ཆུས་བདུན་གཅིག་སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་དང་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་བློ་བརྟན་ཡར་བརྩོན་དང་བྱས་རྗེས་ཧུར་ཐག་བཞག་སྟེ་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཏན་ཏིག་བྱ་ཆེད། ཉིན་ཤས་བསྟུད་མར། ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་བདུན་གཅིག་སྡེ་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དགོངས་དོན་གྱི་དོན་སྙིང་ཁོང་དུ་ཆུད་པ་དང་ལག་ལེན་གྱི་བླང་བྱར་སྟངས་འཛིན་བྱས་ཐོག་ཚང་འཛོམས་གྲོས་ཚོཊ་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད།

བདུན་གཅིག་སྡེ་ཁུལ་གྱིས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གི་རིམ་པ་གཏིང་ཟབ་ཏུ་གཏོང་བའི་བླང་བྱ་ལྟར། གཅིག་སྡུད་སློབ་སྦྱོང་དང་། མི་སྒེར་གྱིས་རང་སྦྱོང་བྱེད་པ། གྲོས་བསྡུར་དང་ཕན་ཚུན་སློབ་སྦྱོང་བྱེད་པ་བཅས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ། གཙོ་གནད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སོགས་ལ་དམིགས་ནས་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་མ་ཡིག་ཀློག་པ་དང་རྩ་བའི་རིགས་པར་གོ་བ་ལེན་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བཅས་བྱས་ཏེ་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་བསཟབ་གཏོང་གི་གཙོ་དོན་དང་། རྩ་དོན་གལ་ཆེན། བྱེད་ཐབས་གལ་ཆེན། རྩ་བའི་འགན་ལེན་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་བཅས་བྱས་ཡོད། བདུན་གཅིག་སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པ་ཟླ་སྒྲོལ་གྱིས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཁྱོན་ཡོངས་དང་། བརྒྱུད་རིམ་ལྡན་པ། གཏིང་ཟབ་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱ་རྒྱུ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་བ། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་དགོས་མཁོ་དང་རེ་འདུན་ལ་དོ་ཁུར་བྱེད་པ། ལས་ཀ་བྱེད་སྟངས་དང་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། ལས་ཕྱོད་དང་སྤུས་ཚད་མཐོ་རུ་གཏོང་བ། མང་ཚོགས་ཀྱི་དཀའ་ངལ་ཧུར་ཐག་སེལ་བ་བཅས་བྱས་ཏེ་སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་། སྡེ་ཁུལ་དེའི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ནན་ཏན་གྱིས་ཉན་པ་དང་བསམ་གཞིག་ཧུར་ཐག་བྱས་པར་མ་ཟད། སྤེལ་རེས་གཏམ་བཤད་དང་གྲོས་བསྡུར་ཡང་འཁྲུག་པོ་བྱས་པ་རེད། ཚང་མས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བའི་འཇུག་སྒོ་དང་། ཤུགས་རྒྱག་ས། ཟུང་འབྲེལ་བྱེད་ས་བཅས་ཧུར་ཐག་གནད་འཁེལ་བཙལ་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དེ་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ཁྲོད་ལག་བསྟར་བྱས་ཏེ་ལས་ཀའི་བསམ་གཞི་དང་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱ་རྒྱུ་དང་། ཏང་གི་སྲིད་ཇུས་དྲིལ་བསྒྲགས་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་ཀྱི་བརྟག་ཞིབ་པ། སྡེ་ཁུལ་མང་ཚོགས་ཀྱི་ཞབས་ཞུ་བ། སྡེ་ཁུལ་གྱི་ལས་དོན་དོ་དམ་པ་བཅས་ཡག་པོ་བྱ་རྒྱུ། དམངས་ཆེད་བྱ་བ་དངོས་ཡག་པོ་བསྒྲུབ་པ་དང་མཐའ་འཁྱོལ་བར་བསྒྲུབས་པ་བཅས་བྱས་ཏེ་སྡེ་ཁུལ་གྱི་ཞབས་ཞུའི་ཆུ་ཚད་དང་གྲོང་མིའི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད།

ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་བདུན་གཅིག་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་ལྷག་པ་ཆོས་དབྱངས་ཀྱིས་རྗེས་མར་ངས་ཚང་འཛོམས་གྲོས་ཚོཊ་ཀྱི་དགོངས་དོན་དེ་འགན་འཁྲི་གཙང་སྒྲུབ་དང་མང་ཚོཊ་ལ་ཞབས་འདེགས་ཞུ་བའི་སྒུལ་ཤུཊ་ཆེན་པོ་ཞིག་ཏུ་ཏན་ཏིག་བསྒྱུར་ནས་སྒྱུར་བཅོས་ཀྱི་གོ་སྐབས་ལ་དམ་འཛིན་བྱེད་པའི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། ཁ་ཚ་དགོས་གཏུག་གི་འདུ་ཤེས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་མང་ཚོགས་ཀྱིས་ཐད་ཀར་དོ་ཁུར་ཆེ་ཤོས་བྱེད་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་དང་། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྡེ་ཁུལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-12 6 6 拉萨日报藏文 c187440.html 1 ཁྲེང་ཀོན་ཆུས་བདུན་གཅིག་སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ། /enpproperty-->