分享按钮

བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཟླ་གཅིག་རིང་འགྲུལ་པ་མི་ཐེངས་ཁྲི་80ལས་བརྒལ་བ་སྐྱེལ་འདྲེན་བྱས་པས་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་པ།

(པར་ངོས་དང་པོར་མཐུད)ཐོག་མཐའ་བར་གསུམ་དུ་འཕུར་སྐྱོད་ཀྱི་བདེ་འཇགས་ལས་དོན་ལ་དམིགས་ནས། ལྗོངས་ནང་ཁུལ་གྱི་གནམ་གྲུའི་འབབ་ཐང་ཁག་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ཀྱི་སྒྲིག་སྲོལ་ལམ་ལུགས་ཁག་དོན་འཁྱོལ་དང་ལག་བསྟར་བྱ་རྒྱུའི་འགན་ལེན་བྱས་ཡོད། འབྲུག་ཆར་སོགས་རྙོག་འཛིང་ཆེ་བའི་གནམ་གཤིས་ལ་ཁ་གཏད་གཅོག་ཆེད། གནོད་འཚེའི་གནམ་གཤིས་ཀྱི་ཆ་འཕྲིན་བརྡ་ཁྱབ་གཏོང་བའི་ལམ་སྲོལ་བཙུགས་པ་དང་། ནང་ཁུལ་དུ་ཆ་འཕྲིན་བརྒྱུད་སྤྲོད་ཀྱི་ཐབས་ལམ་འཐུས་ཚང་དུ་གཏོང་བ། འཕྲལ་སྡོམ་སྔོན་ཇུས་དུས་ཐོག་ཏུ་ལག་བསྟར་བཅས་བྱས་ནས་དུས་གཏན་གནམ་གྲུ་དུས་ཐོག་ཏུ་འཕུར་སྐྱོད་ཐུབ་པའི་འགན་ལེན་ཧུར་ཐག་བྱས་ཏེ་འགྲུལ་པ་རྣམས་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་ཞབས་ཞུའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་ཏོང་བ་བཅས་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཚན་པ་དང་རང་འགུལ་ངང་འབྲེལ་མཐུད་ཧུར་ཐག་བྱས་ནས་དམངས་སྤྱོད་མཁའ་འགྲུལ་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ་བྱས་ནས་ཡུལ་སྐོར་བའི་རང་གཤིས་ཅན་གྱི་དགོས་མཁོ་སྐོང་བའི་རིག་གནས་ཡུལ་སྐོར་ཐོན་རྫས་ཐུན་མོང་ཐོག་བཏོད་དེ་ཡུལ་སྐོར་བའི་འགྲོ་སྐྱོད་ལ་ཉམས་ལེན་དེ་བས་ལེགས་པ་བྱས་པ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-12 6 6 拉萨日报藏文 c187438.html 1 བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཟླ་གཅིག་རིང་འགྲུལ་པ་མི་ཐེངས་ཁྲི་80ལས་བརྒལ་བ་སྐྱེལ་འདྲེན་བྱས་པས་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་པ། /enpproperty-->