分享按钮

ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་ གཟའ་འཁོར་བྱེད་སྒོ་འགོ་ཚུགས་པ།

(པར་ངོས་དང་པོར་མཐུད)འཛུགས་གཏོད་བཞིར་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། གདོང་དམག་བདུན་ཡག་པོ་བྱེད་པའི་དམིགས་ཚད་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་པ་བཅས་ཀྱི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལེའུ་འབད་བརྩོན་ཆེན་པོས་རྩོམ་བཞིན་ཡོད།ད་ཆ།གསོན་ཤུགས་ལྡན་པའི་ལྷ་སས་དེ་སྔའི་དུས་གང་ཞིག་ལས་ཀྱང་ཤེས་ལྡན་པ་བསྡུ་ལེན་བྱེད་འདོད་ཆེན་པོ་བྱེད་པ་དང་།ཁོང་ཡངས་ཀྱི་ལྷ་སས་སྔོན་ཆད་ཀྱི་དུས་གང་ཞིག་ལས་ཀྱང་ཤེས་ལྡན་པར་གཅེས་འཛིན་བྱ་རྒྱུར་མཐོང་ཆེན་བྱེད་པ། ཕུགས་འདུན་མངོན་འགྱུར་བྱེད་པའི་ལྷ་སས་སྔོན་ཆད་ཀྱི་དུས་གང་ཞིག་ལས་ཀྱང་ཤེས་ལྡན་པར་གྲུབ་འབྲས་ཐོབ་རྒྱུར་བརྩོན་ལེན་བྱེད་ཀྱི་ཡོད།ང་ཚོས་ལྷག་བསམ་ཟོལ་མེད་ངང་ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་རྟོག་ཞིབ་དང་ཉམས་མྱོང་སྤེལ་རེས་བྱ་རྒྱུར་གདན་འདྲེན་ཞུས་ནས་ལྷ་སའི་ས་གཞི་ཆེན་པོར་དཔྱད་རྩོམ་འབྲི་བ་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ལྷ་སའི་འཕེལ་རྒྱས་ཀྱི་ཚ་ཚ་འུར་འུར་གྱི་ལག་ལེན་ཐོག་སྤྱོད་རྒྱུ་ཡིན། ང་ཚོས་ལྷག་བསམ་ཟོལ་མེད་ཀྱིས་རྒྱལ་ཡོངས་ས་གནས་ཁག་གི་ཕུལ་བྱུང་ཤེས་ལྡན་པས་ལྷ་ས་གདམ་ག་བྱེད་པ་དང་།ལྷ་སར་གཞིས་ཆགས་པ།ལྷ་ས་འཛུགས་སྐྲུན་བཅས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།ང་ཚོས་ཕྱོགས་ཁག་གི་ཕུགས་བསམ་ལྡན་པའི་མི་སྣ་ཚོར་ཚན་རྩལ་བྱ་དགའ་སྤྲོད་པའི་ལམ་ལུགས་ལག་བསྟར་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་དང་།རིག་གནས་ཡུལ་སྐོར།ས་མཐོའི་སྐྱེ་དངོས། གྲངས་འཛིན་དཔལ་འབྱོར།ནུས་རྒྱུ་གཙང་མ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་དུ་ཇུས་འདོན་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ།བློ་གྲོས་གཅིག་ཏུ་བསྡུས་ནས་འགག་སྒྲོལ་བྱས་ཏེ་གངས་ལྗོངས་ས་མཐོར་ཚན་རྩལ་གྱི་གྲུབ་འབྲས་གསར་པ་དེ་བས་ཆེ་བ་གཏོད་རྒྱུར་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་ང་ཚོས་ནུས་ཤུགས་སྔར་ལས་ཆེ་བ་དང་།བྱེད་ཐབས་སྔར་བས་དོན་དངོས།འགན་ལེན་སྔར་ལས་ལེགས་པ་བཅས་ཀྱི་ཐོག་ནས་ཤེས་ལྡན་པར་གཅེས་སྤྲས་དང་།ཤེས་ལྡན་པར་གཅེས་སྐྱོང་།ཤེས་ལྡན་པ་སྤྱོད་མཁས་པོ་བཅས་བྱེད་པ་དང་། ཤེས་ལྡན་པའི་སྲིད་ཇུས་ལེགས་སུ་གཏོང་བ་དང་།ཤེས་ལྡན་པའི་ལས་སྟེགས་ཡག་པོ་བསྐྲུན་པ།ཤེས་ལྡན་པར་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལྷག་བསམ་ཆེ་ཤོས་དང་།གུས་ལུགས་ཆེ་ཤོས།ཞབས་ཞུ་ཡག་ཤོས་བཅས་ཀྱི་ཐོག་ནས་ཕྱོགས་ཁག་གི་ཤེས་ལྡན་པ་ཕྱོགས་གཉིས་སུ་བསྐྱོད་རྒྱུ་དང་།བློ་རིག་ལྷ་སར་འདུས།ཡོང་ན་སེམས་ཁྲལ་མེད་ཅེས་པ་བཅས་ཀྱི་ཤེས་ལྡན་པའི་ཞབས་ཞུའི་མ་ལག་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག་ལྷ་ས་གྲོང་ཁྱེར་གྱི་ཤེས་ལྡན་པའི་དྲིལ་བསྒྲགས་གློག་བརྙན་ལ་གཅིག་སྡུད་ཐོག་བལྟས་པ་དང་།ལྷ་ས་གྲོང་ཁྱེར་གྱི་ཤེས་ལྡན་པའི་ལས་དོན་གྱི་སྔོན་ཐོན་ཚན་པའི་འཐུས་མི་དང་།ལྷ་ས་གྲོང་ཁྱེར་གྱི་ཤེས་ལྡན་པའི་རིགས་དང་པོའི་འཐུས་མིར་བྱ་དགའི་རྟགས་མ་སྤྲད་པ་དང་།ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་ཧར་པིན་བཟོ་ལས་སློབ་ཆེན་དབར་མཉམ་ལས་གྲོས་མཐུན་བཞག་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-12 6 6 拉萨日报藏文 c187436.html 1 ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་ གཟའ་འཁོར་བྱེད་སྒོ་འགོ་ཚུགས་པ། /enpproperty-->