分享按钮

(པར་ངོས་དང་པོར་མཐུད)ཀྲུང་དབྱང་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྟངས་སྤྱད་དེ་དམིགས་ཡུལ་ཅན་དང་། ཚོགས་དབྱེ་ཅན། མཉམ་འགུལ་ཅན་བཅས་ཀྱི་སྒྲོག་འགྲེལ་བྱས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་ཚང་མས་ཤེས་པ་དང་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པའི་འགན་ལེན་བྱེད་དགོས།གཉིས་ནས་གྲོང་ཨུད་ཀྱི་ལས་ཀའི་རྩ་དོན་ལྔ་དང་བྱ་སྤྱོད་ཆེན་པོ་གསུམ་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་བྱས་ཏེ་གཙོ་གནད་ལས་དོན་ཁག་ལ་མུ་མཐུད་ནས་དམ་འཛིན་ཡག་པོ་བྱས་ནས་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གསུམ་ནས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་དམིགས་ཏེ།དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། རྒྱུན་རྣམ་ཅན་གྱི་དོ་དམ་དང་། འཕྲལ་སྡོམ་དོ་དམ། འགུལ་རྣམ་སྦྲེལ་མཐུད་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཞི་མཐུན་བརྟན་ལྷིང་གི་གླིང་ཁུལ་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-12 6 6 拉萨日报藏文 c187435.html 1 /enpproperty-->