ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་8ཉིན་གྱི་ཕྱི་དྲོར། རང་གྲོང་གིས་རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ་དང་གྲོང་མིའི་སྤྲོ་གསེང་ཁུལ་འཛུཊ་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོཊ་འདུ་འཚོཊ་པ་རེད།
ཝང་ཧུའེ་ཡིས་བླང་བྱ་བཏོན་དོན། འབྲེལ་ཡོད་ཚན་པ་ཁག་གིས་ནུས་ཤུགས་སྔར་བས་ཆེ་བའི་སྒོ་ནས་གཅིག་གྱུར་འཆར་འགོད་ལ་དམ་འཛིན་དང་། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ་དང་གྲོང་མིའི་སྤྲོ་གསེང་ཁུལ་འཛུགས་སྐྲུན་ལས་དོན་གྱི་ཆེད་དོན་ཚོགས་ཆུང་འཛུགས་རྒྱུར་དམ་འཛིན་བྱས་ཏེ། ཆེད་དོན་ཚོགས་ཆུང་གི་འགག་སྒྲོལ་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། འཐབ་ཕྱོགས་མདུན་མར་བརྟག་ཞིབ་ཟབ་མོ་བྱེད་པ། བཀོད་གཏོང་གི་ཐེངས་གྲངས་དང་ཤུགས་ཚད་ཆེ་རུ་གཏོང་བ། རྗེས་སྙེག་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་ཀའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས་པ་དང་། དུས་མཚུངས་སུ་བྱེད་ཐབས་སྔར་བས་ཏན་ཏིག་ལ་བརྟེན་ནས་རྣམ་གྲངས་ལ་དམ་འཛིན་བྱེད་པ་དང་། རྣམ་གྲངས་འཛུགས་སྐྲུན་ཁྲོད་ཀྱི་གནད་དོན་སྣ་ཚོགས་ལ་མཐུན་སྦྱོར་དང་ཐག་གཅོད་ཧུར་ཐག་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་འཕེལ་རྒྱས་ལ་སྤུས་ལེགས་ཀྱི་ཞབས་ཞུ་བྱས་ནས་ལོ་འཁོར་གྱི་རྣམ་གྲངས་དུས་བཀག་ལྟར་ལེགས་འགྲུབ་ཡོང་བའི་འགན་ལེན་བྱས་ཏེ། ཁྱད་ཆོས་ལྡན་ཞིང་བཀྲག་མདངས་འཚེར་ས་ཁག་གཅིག་གཏོད་པར་བརྩོན་ལེན་བྱེད་དགོས། གཞན་ཡང་དྲིལ་བསྒྲགས་ཡག་པོ་བྱས་ནས་བསྐྲུན་ཉེར་ཡོད་པའི་རྣམ་གྲངས་ལ་སྤྲོ་སེམས་འཁོལ་བའི་རྣམ་པ་གཏོད་དེ་མང་ཚོགས་ཀྱི་དོ་ཁུར་དང་ཡུལ་སྐོར་བའི་ཡིད་དབང་འགུག་དགོས།
ཝང་ཧུའེ་ཡིས་ནན་གསུངས་གནང་དོན། སྤྱོད་ཚུལ་སྔར་བས་ནན་པོར་བརྟེན་ནས་འགན་འཁྲིར་དམ་འཛིན་བྱེད་དགོས་པ་དང་། ཆེད་དོན་ཚོགས་ཆུང་གིས་ཇུས་གཞི་ལག་བསྟར་བྱ་རྒྱུར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། དུས་མཚུངས་སུ་སྐྱོན་བརྗོད་བྱེད་ཕོད་པ་དང་། ལས་ཀ་རྗེས་ལུས་ཐེབས་པ་སོགས་ཀྱི་གནད་དོན་ལ་སྐྱོན་བརྗོད་བྱེད་ཕོད་པ་དང་། རྫོང(ཆུས)ཁག་དང་། ལས་རིགས་ཁག་གི་གཙོ་གཉེར་ཚན་པས་བྱེད་པོའི་འགན་འཁྲི་ལག་བསྟར་ནན་པོ་བྱས་ཏེ། ལས་རིགས་དེ་རང་དང་ཁྱབ་ཁོངས་དེ་རང་དང་འབྲེལ་བ་ཡོད་པའི་རྣམ་གྲངས་དང་ལས་འགན་ལ་དུས་ཐོག་ཏུ་སྐུལ་འདེད་གཏོང་དགོས། མཐུན་སྦྱོར་གྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ་རྣམ་གྲངས་སྣེ་ཁྲིད་ཀྱི་ཚན་པ་དང་གཞོགས་འདེགས་ཚན་པས་མཉམ་དུ་དམ་འཛིན་བྱས་ནས་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ། དམིགས་ཚད་དང་ལས་འགན་ཁག་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་པ་དང་། ཁག་གཉིས་པའི་སྤྲོ་གསེང་ཁུལ་གྱི་དཔེ་སྟོན་ས་ཚིགས་ཀྱི་སྒོ་བྱང་འགེལ་རྒྱུའི་འཆར་འགོད་ཧུར་ཐག་བྱས་ཏེ། སྤྱི་འདོམས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ་དང་གྲོང་མིའི་སྤྲོ་གསེང་ཁུལ་འཛུགས་སྐྲུན་གྱི་ཕན་འབྲས་དེ་ལྷ་སའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་འགྱུར་བའི་འགན་ལེན་བྱེད་དགོས།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社