分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་རིག་གནས་བློ་གསར་གླིང་གི་གཙོ་གནད་ལས་དོན་ལ་བཀོད་གཏོང་དང་བཀོད་སྒྲིག་བྱས་པ།

ཀྲའོ་ཧུའེ་ཉན་གྱིས་རུ་སྣེ་ཁྲིད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་8ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་རིག་གནས་བློ་གསར་གླིང་དུ་ཕེབས་ཏེ་གཙོ་གནད་ལས་དོན་ལ་བཀོད་གཏོང་དང་བཀོད་སྒྲིག་གནང་ཞིང་། ཁོང་གིས་ནན་གསུངས་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་དྲིལ་བསྒྲཊ་དང་སྒྲོག་འགྲེལ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། དུས་ཚིཊ་གསུམ་པའི་དཔལ་འབྱོར་ལས་དོན། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པ། སྤྱོད་ཚུལ་ལེཊ་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། འབྲུབ་འགོག་གནོད་སེལ། ཐོན་སྐྱེད་བདེ་འཇཊ་ཀྱི་ལས་འགན་བཅས་གཅིག་འདོམས་ཀྱིས་ཡག་པོ་བསྒྲུབས་ནས་གསལ་ཐོ་ཅན་གྱི་དོ་དམ་དང་། རྣམ་གྲངས་ཅན་གྱི་དོན་འཁྱོལ། ལས་གྲྭ་ཅན་གྱི་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལས་དོན་ཁག་ལ་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱེད་དགོས།

ཀྲའོ་ཧུའེ་ཉན་ཚེ་མཆོག་གླིང་གྲོང་ཚོའི་གྲོང་མི་བསམ་གྲུབ་ཀྱི་ཁྱིམ་དུ་ཕེབས་ནས་བསམ་གྲུབ་ཀྱི་ཁྱིམ་མི་རྣམས་དང་གཞི་རིམ་གྱི་ལས་བྱེད་པ་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་དང་། སྲིད་ཇུས་གླེང་བ། འགྱུར་ལྡོག་གླེང་བ་བཅས་གནང་ནས་མཉམ་དུ་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་རྒྱུའི་འཆར་གཞི་བཀོད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་སེམས་མཐུན་མཉམ་དུ་བཀོད་པར་མ་ཟད། གསོན་ཉམས་དོད་པའི་དཔེ་མཚོན་ལ་བརྟེན་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་གནང་ནས་མང་ཚོགས་ལ་ཕན་པ་གང་ནས་བྱུང་བ་དང་། ཕན་པ་སུ་ལ་ཐོབ་པ། སུ་ཞིག་ལ་དྲིན་ལན་འཇལ་དགོས་པ་བཅས་གསལ་པོ་ཤེས་སུ་བཅུག་པ་དང་། མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་འབྲང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད།

རིག་གནས་བློ་གསར་གླིང་གི་ངོ་བཅར་སྣེ་ལེན་ལྟེ་གནས་སུ་ཀྲའོ་ཧུའེ་ཉན་གྱིས་གླིང་ཁུལ་གྱི་འདི་ལོའི་ཚུན་གྱི་ངོ་བཅར་སྣེ་ལེན་བྱས་ཚུལ་དང་། ཡིག་སྐུར་ངོ་བཅར་གྱི་གནས་ཚུལ་ཐག་གཅོད། ཡིག་སྐུར་ངོ་བཅར་གྱི་འགལ་བ་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱས་ཚུལ་བཅས་ལ་ཤེས་རྟོགས་ཞིབ་ཕྲ་གནང་བར་མ་ཟད། ངོ་བཅར་དུ་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུ་བ་དང་མང་ཚོགས་ཀྱི་རེ་འདུན་ལ་ཤེས་རྟོགས་བྱས་ཏེ།ཡུལ་དངོས་སུ་བརྡར་ཤ་བཅད་པ་དང་འབྲེལ་གནད་དོན་ཐག་གཅོད་བྱ་ཐབས་ཀྱང་བཏོན་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། ཡིག་སྐུར་ངོ་བཅར་ལས་དོན་ནི་ཏང་དང་སྲིད་གཞུང་གིས་དམངས་ཀྱི་གནས་ཚུལ་ལ་ཤེས་རྟོགས་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ། དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་། དམངས་སེམས་གཅིག་ཏུ་བསྡུ་བ་བཅས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པ་དང་། ཏང་གི་མང་ཚོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས《ཡིག་སྐུར་ངོ་བཅར་ལས་དོན་གྱི་སྲོལ་ཡིག》ལག་བསྟར་བྱས་ཏེ་བརྩེ་སེམས་བཅངས་ནས་མང་ཚོགས་ཀྱི་ཡིག་བསྐུར་དང་ངོ་བཅར་སྒྲུབ་གཉེར་དང་། དཀའ་གནད་ཆེ་བའི་གནད་དོན་ཐད་ཡིག་སྐུར་ངོ་བཅར་གྱོད་དོན་གྱི་འགན་ལེན་དང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཁར་ཡིག་སྐུར་ངོ་བཅར་གྱི་གྱོད་གཞི་ཐག་གཅོད་བྱས་ཐོག་མང་ཚོཊ་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

དེ་རྗེས་ཀྲའོ་ཧུའེ་ཉན་གྱིས་རིག་གནས་བློ་གསར་གླིང་དོ་དམ་ཨུ་ལྷན་དུ་ལས་དོན་བཀོད་གཏོང་ཚོཊ་འདུ་འཚོཊ་ནས་ལས་བྱེད་པ་དང་ལས་བཟོ་བར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་ལ་སྒྲོག་འགྲེལ་གནང་བ་དང་གླིང་ཁུལ་གྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་བཏང་ཚུལ་གྱི་སྙན་ཞུ་གསན་པར་མ་ཟད། སླད་ཕྱིན་གྱི་ལས་དོན་ཐད་ཞིབ་ཕྲའི་བླང་བྱ་ཡང་བཏོན་གནང་ཡོད། ཁོང་གིས་ནན་གསུངས་གནང་དོན། གཅིག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲཊ། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-12 ཀྲའོ་ཧུའེ་ཉན་གྱིས་རུ་སྣེ་ཁྲིད་པ། 6 6 拉萨日报藏文 c187429.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་རིག་གནས་བློ་གསར་གླིང་གི་གཙོ་གནད་ལས་དོན་ལ་བཀོད་གཏོང་དང་བཀོད་སྒྲིག་བྱས་པ། /enpproperty-->