ལྷ་ས་ནས་རྒྱལ་ལམ་བརྒྱུད་དེ་ཤར་ཕྱོགས་སུ་བསྐྱོད་ཚེ་རྒྱ་མ་ཤང་དུ་སླེབས་ཀྱི་ཡོད་པ་དང་། ཡུལ་དེར་པད་ཁའི་མེ་ཏོག་རབ་ཏུ་བཞད་ཅིང་། ས་ཕྱོགས་གང་སར་གསེར་མདོག་གི་གོས་རྒྱན་བཀླུབས་པ་ལྟར་དུ་སྣང་བས་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་བཟང་པོ་ཞིག་ཏུ་གྱུར་ཡོད།
རྒྱ་མའི་ཡུལ་ལུང་དེ་ནི་རི་ཚོགས་ཀྱིས་བསྐོར་བ་དང་རྩྭ་ཆུ་ཕུན་སུམ་ཚོགས་པའི་ས་ཆ་ཡག་པོ་ཞིག་ཡིན། ཁྲི་ཁང་གྲོང་ཚོ་ནི་གནས་འདི་ན་གནས་ཡོད། དེ་གར་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་ནི་བབ་ཆགས་ཤིང་སེམས་བཟང་བ་དང་། གླུ་གར་ལ་མཁས་པ་ཞིག་ཡོད། དེའི་ཁྲོད་དུ་རྒྱ་མའི་གཞས་ཆེན་ཞེས་པ་སྐད་གྲགས་ཤིན་ཏུ་ཆེ།
གཞས་ཆེན་ནི་བོད་རིགས་ཀྱི་གནའ་བོའི་མཛད་སྒོ་འཚོགས་པའི་སྐབས་ཀྱི་གླུ་གར་ཆེ་གྲས་ཤིག་ཡིན་ཞིང་། སྔོན་ཆད་ཆོས་ལུགས་ཀྱི་མཛད་སྒོ་གཟབ་རྒྱས་འཚོགས་པའམ་ཡང་ན་བྱེད་སྒོ་གལ་ཆེན་འཚོགས་པའི་སྐབས་སུ་འཁྲབ་སྟོན་བྱེད་ཀྱིན་ཡོད། དེ་ཉིད་ལྷོ་ཁ་དང་། ལྷ་ས། གཞིས་ཀ་རྩེ་སོགས་སུ་དར་ཁྱབ་ཆེ་ཞིང་། དེའི་ནང་ནས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ལུང་ཤུར་རྒྱུད་ཀྱི་གཞས་ཆེན་ལ་རྒྱ་མའི་གཞས་ཆེན་ཞེས་བརྗོད་ཀྱིན་ཡོད། རྒྱ་མའི་གཞས་ཆེན་གྱི་གཞས་གདངས་ནི་གནའ་ཉམས་དོད་ཅིང་བབ་ཆགས་པ་དང་། མཚོན་ཐབས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་པས། བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་དང་མངོན་གསལ་དོད་པའི་ས་གནས་ཀྱི་ཁྱད་ཆོས་མངོན་ཡོད་ལ་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཅུང་ཆེན་པོ་ལྡན་ཡོད།
རྒྱ་མ་ཤང་ཁྲི་ཁང་གྲོང་ཚོའི་རྒན་རྒོན་ཚོས་ཕྱིར་དྲན་བྱས་པར་གཞིགས་ན། རྒྱ་མའི་གཞས་ཆེན་ནི་གླུ་གར་འཁྲབ་སྟོན་ཞིག་ཡིན་པའི་ངོས་ནས་ལོ་ངོ་1000ལྷག་ཙམ་རིང་དར་ཁྱབ་བྱུང་བ་དང་། ས་གནས་དེ་གར་རྫོང་གླུ་ཞེས་བརྗོད་ཀྱིན་ཡོད་པ་དང་། རྫོང་གླུ་ནི་གཞས་ཆེན་གྱི་བྱེ་བྲག་ཅིག་ཏུ་གཏོགས། གླུ་གར་གྱི་རྣམ་པ་འདི་སྲོང་བཙན་སྒམ་པོའི་དུས་སུ་དར་བ་ཞིག་རེད། སྲོལ་རྒྱུན་རིག་གནས་དེ་ཉིད་སྔར་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་དང་འཕེལ་རྒྱས་སུ་གཏོང་བའི་ཆེད་དུ།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社