分享按钮

ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་ གཟའ་འཁོར་བྱེད་སྒོ་འགོ་ཚུགས་པ།

ཤའོ་ཡིའུ་ཚའེ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།

ཟླ་8ཚེས་10ཉིན་གྱི་སྔ་དྲོར།རིག་འདུས་ལྷ་སས་འབྱུང་འགྱུར་མཉམ་དུ་གཏོད་ཅེས་པ་གཙོ་དོན་དུ་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་བྱེད་སྒོ་ འགོ་ཚུགས་ཤིང་།པར་འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་10ཉིན་གྱི་སྔ་དྲོར།རིག་འདུས་ལྷ་སས་འབྱུང་འགྱུར་མཉམ་དུ་གཏོད་ཅེས་པ་གཙོ་དོན་དུ་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་བྱེད་སྒོ་འགོ་ཚུགས་པ་དང་།རིགས་གཅིག་མཁས་ཅན་དང་། དགེ་རྒན་ཆེ་མོ་བ།ཤེས་ལྡན་པའི་འཐུས་མི་རྣམས་གངས་ལྗོངས་གནའ་གྲོང་ངམ་གནས་མཆོག་ལྷ་སར་འཛོམས་ནས་ཕྱོགས་གཉིས་སུ་བསྐྱོད་པའི་ཤེས་ལྡན་པའི་འདུ་འཛོམས་གཟབ་རྒྱས་ཤིག་དང་ལྷག་བསམ་ཟོལ་མེད་ཀྱི་གདན་ཞུའི་འདུ་ཚོགས་ཞིག་འཚོགས་ཏེ།ཐུན་མོང་ཐོག་འཕེལ་རྒྱས་ཀྱི་གོ་སྐབས་གླེང་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་དང་།ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་།ཀྲུང་གོ་ཚན་རིག་ཁང་གི་ཞིབ་ཚགས་ཚད་འཇལ་ཚན་རིག་དང་ལག་རྩལ་གསར་གཏོད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དང་ཡོན་ཀྲང་གཞོན་པ་བཅས་ཡིན་པའི་ཉི་སི་ཏའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གཙོ་དོན་གཏམ་བཤད་ཀྱང་གནང་བ།ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཉི་མ་བཀྲ་ཤིས་དང་།ཧར་པིན་བཟོ་ལས་སློབ་ཆེན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སློབ་སྤྱི་གཞོན་པ་ཁྲེན་རུའེ་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།ཀྲུང་གོ་ཚན་རིག་ཁང་དང་།ཆིང་ཧྭ་སློབ་ཆེན།ཧར་པིན་བཟོ་ལས་སློབ་ཆེན།ཀྲུང་གོ་ཞིང་ལས་སློབ་ཆེན་བཅས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་དང་།རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་།རང་སྐྱོང་ལྗོངས་ཚན་རྩལ་ཐིང་།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན།ལྷ་ས་གྲོང་ཁྱེར་གྱི་ས་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན།ཁྱབ་ཁོངས་ཁག་གི་ཁེ་ལས་མཁས་ཅན་དང་ཤེས་ལྡན་པའི་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད།

ཤའོ་ཡིའུ་ཚའེ་ཡིས་ཤིས་ཚིག་གསུངས་སྐབས་གྲོང་ཨུད་དང་།གྲོང་ཁྱེར་སྲིད་གཞུང་།གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་བཅས་ཀྱི་ཚབ་ཞུས་ནས་ཚང་མ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་།ལྷན་རྒྱས་ཀྱིས་དུས་ཡུན་རིང་པོའི་ནང་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཤེས་ལྡན་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད།ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཆེད་མངགས་མི་འབོར་དང་། མི་སེམས།ཤེས་ལྡན་པ་བཅས་ཀྱི་ཞིབ་འཇུག་བྱ་གཞི་བཏོན་ནས་ཤེས་ལྡན་པའི་ལས་དོན་དེ་རང་ལྗོངས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་འགག་རྩའི་རྒྱུ་རྐྱེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱ་རྒྱུའི་ཆོད་སེམས་ཡོད་པ་དང་།ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཤེས་ལྡན་པ་ཐོན་ཁུངས་ཨང་དང་པོར་བརྩིས་ནས་ཤེས་ལྡན་པ་སྐོམ་པ་ཆུ་འདོད་ལྟར་བསྡུ་ལེན་བྱེད་པའི་རྣམ་འགྱུར་དང་ཆུ་བོ་བརྒྱ་ཕྲག་བསྡུས་པ་ལས་རྒྱ་མཚོ་གྲུབ་པའི་བློ་རྒྱ་ལ་བརྟེན་ནས་ཤེས་ལྡན་པ་རྒྱ་ཁྱབ་ངང་བསྡུ་ལེན་དང་ལྷག་བསམ་རྣམ་དག་གིས་གདན་འདྲེན་ཞུས་པ་ལས།ལྷ་ས་འདི་ཉིད་རིམ་བཞིན་གཞོན་ནུ་ཤེས་ལྡན་པ་འདུ་འཛོམས་བྱ་ཡུལ་དང་།ཕྱོགས་བཞི་མཚམས་ཀྱི་ཤེས་ལྡན་པའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གྲོང་ཁྱེར་ཞིག་ཏུ་འགྱུར་བཞིན་ཡོད་ཅེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་མིག་སྔར་ང་ཚོས་དོན་ཆེན་བཞིར་དམིགས་པ་དང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-12 ཤའོ་ཡིའུ་ཚའེ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ། 6 6 拉萨日报藏文 c187430.html 1 ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་ གཟའ་འཁོར་བྱེད་སྒོ་འགོ་ཚུགས་པ། /enpproperty-->