分享按钮

བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཟླ་གཅིག་རིང་འགྲུལ་པ་མི་ཐེངས་ཁྲི་80ལས་བརྒལ་བ་སྐྱེལ་འདྲེན་བྱས་པས་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་པ།

ལྷ་སའི་མཉས་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་7པར། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དུས་གཏན་གནམ་གྲུ་འཕུར་བའམ་འབབ་ཚད་ཐེངས་6725སླེབས་ཤིང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་83.1ཟིན་པ། དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་4948.7བཅས་ཟིན་པ། དེ་དུས་མཚུངས་ལས་བརྒྱ་ཆ་13.2དང་། བརྒྱ་ཆ་7.8 བརྒྱ་ཆ་7.9བཅས་འཕར་ཡོད་པ་རེད། དེའི་ནང་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་བདེ་འཇགས་འགན་ལེན་གྱི་དུས་གཏན་གནམ་གྲུ་འཕུར་བའམ་འབབ་ཚད་ཐེངས་4995ལ་སླེབས་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་67ཟིན་པ། དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་4402.7བཅས་ཟིན་པ་དང་། དེ་དུས་མཚུངས་ལས་བརྒྱ་ཆ་12.9དང་། བརྒྱ་ཆ་8.4 བརྒྱ་ཆ་7.7བཅས་འཕར་ཡོད།

ད་ལོའི་དབྱར་ཁའི་སྐྱེལ་འདྲེན་འགོ་ཚུགས་པ་ནས་བཟུང་། ཡུལ་སྐོར་བྱེད་མཁན་འགྲུལ་པ་དང་། ཕ་ཡུལ་དུ་ལོག་མཁན་འགྲུལ་པ། སློབ་མ་བཅས་མང་པོ་བྱུང་ནས་རང་ལྗོངས་ནས་འགྲོ་འོང་བྱེད་པའི་འགྲུལ་བཞུད་ཀྱི་དགོས་མཁོ་མུ་མཐུད་ནས་ཆེ་རུ་ཕྱིན་པ་དང་། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་ཐོན་སྐྱེད་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་ཉིན་རེར་དུས་གཏན་གནམ་གྲུ་འཕུར་བའམ་འབབ་ཚད་ཐེངས་200ཡན་ཟིན་ཡོད།

དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱིས།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-12 6 6 拉萨日报藏文 c187427.html 1 བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཟླ་གཅིག་རིང་འགྲུལ་པ་མི་ཐེངས་ཁྲི་80ལས་བརྒལ་བ་སྐྱེལ་འདྲེན་བྱས་པས་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་པ། /enpproperty-->