分享按钮

(པར་ངོས་དང་པོར་མཐུད)སྨན་བཅོས་འགན་སྲུང་དང་དང་བླངས་པའི་གསོ་སྦྱོང་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།ཁོང་ཚོའི་ཞབས་ཞུའི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་དགོས་པར་མ་ཟད། དབང་པོ་སྐྱོན་ཅན་ལུས་རྩལ་པའི་དམིགས་བསལ་དགོས་མཁོར་གཞིགས་ནས་འགྲན་བསྡུར་བྱ་ཡུལ་དང་ཡོ་བྱད་སོགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་དང་སྒྱུར་བཀོད་བྱས་ཏེ།འགོག་རྐྱེན་མེད་པའི་སྒྲིག་ཆས་ཀྱི་ཚད་གཞི་དང་མཐུན་པའི་འགན་ལེན་བྱེད་དགོས་པ་དང་།དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་ཐབས་ལམ་སྣ་ཚོགས་བརྒྱུད་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་བཟང་པོ་སྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། རྫོང(ཆུས)ཁག་ལ་ཡན་ལག་ཚོགས་ར་བཙུགས་པ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-11 6 6 拉萨日报藏文 c186064.html 1 /enpproperty-->