ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་8ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཆུ་བེད་པུའི་ཧའེ་ཧོ་ཆུ་བེད་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན།ཚེས་9ཉིན་གྱི་ཆུ་ཚོད་9པར་ཧའེ་ཧོ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་འབྲུབ་འགོག་རིམ་པ་IVཡི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ་དང་ཆུ་བེད་པུའི་ཧའེ་ཧོ་ཆུ་བེད་ཨུ་ལྷན་གྱིས་ཆུ་ལོག་འགོག་སྲུང་རིམ་པ་IVཡི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ་རེད།
གནམ་གཤིས་སྡེ་ཚན་གྱིས་སྔོན་དཔག་བྱས་པ་ལྟར་ན། ཟླ་8ཚེས་9ནས་ཚེས་10ཉིན་བར་ཧའེ་ཧོ་གཙང་པོའི་འབབ་རྒྱུད་ཀྱི་ས་ཆ་མང་ཆེ་བར་ཆར་པ་འབྲིང་བ་ནས་ཆར་པ་ཆེ་བའི་བར་འབབ་རྒྱུ་དང་། ཆ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 《ཧའེ་ཧོ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་འབྲུབ་འགོག་འཕྲལ་སྡོམ་དང་ལེན་སྔོན་ཇུས》དང《ཆུ་བེད་པུའུ་ཧའེ་ཧོ་ཆུ་བེད་ཨུ་ལྷན་གྱི་ཆུ་ལོག་དང་ཐན་པའི་གནོད་འཚེ་འགོག་པའི་འཕྲལ་སྡོམ་དང་ལེན་ལས་དོན་སྒྲིག་སྲོལ》གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་།ཞིབ་འཇུག་བྱས་པ་བརྒྱུད།ཟླ་8ཚེས་9ཉིན་གྱི་ཆུ་ཚོད་9པ་ནས་བཟུང་ཧའེ་ཧོ་འབྲུབ་འགོག་སྤྱི་ཁྱབ་དང་ཧའེ་ཧོ་ཆུ་བེད་ཨུ་ལྷན་གྱིས་འབྲུབ་འགོག་རིམ་པ་IVཡི་འཕྲལ་སྡོམ་དང་ལེན་དང་ཆུ་ལོག་འགོག་པའི་རིམ་པ་IVཡི་འཕྲལ་སྡོམ་དང་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
ཧའེ་ཧོ་འབྲུབ་འགོག་སྤྱི་ཁྱབ་དང་ཧའེ་ཧོ་ཨུ་ལྷན་གྱིས་ཧའེ་ཧོ་གཙང་པོའི་འབབ་རྒྱུད་ཀྱི་ས་གནས་ཁག་ལ་འགན་འཁྲི་ལས་བགོས་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། འབྲུབ་འགོག་འགན་འཁྲི་སྔར་བས་ཏན་ཏིག་བཟོས་ནས་ལས་རེས་བརྟན་སྲུང་དང་ཆ་འཕྲིན་གོང་འབུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཆུ་ལོག་གི་གནོད་འཚེ་འགོག་སྲུང་དང་གྲོང་ཁྱེར་གྱི་ཞོད་སྐྱོན་འགོག་སྲུང་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社