(པར་ངོས་དང་པོར་མཐུད)རིག་གནས་དམངས་ཕན་གྱི་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་ཞིག་ཏུ་དངོས་སུ་གཏོད་དགོས་པ། དེང་རབས་ཅན་གྱི་མཐོར་འདེགས་ལ་སྣང་ཆེན་བྱས་ཏེ། གྲངས་གཞི་ཅན་གྱི་ལག་རྩལ་གསར་པ་དང་ཉེར་སྤྱོད་གསར་པ་བེད་སྤྱོད་ཡག་པོ་བྱས་ནས་ནུས་པའི་ཁུལ་ཁག་ལ་ནུས་པ་སྤྲད་དེ། མང་ཚོགས་ལ་དེ་བས་ལེགས་པའི་མཉམ་འགུལ་ཉམས་ལེན་ཐུབ་པར་བྱེད་དགོས་པ། ཕྱིར་ཚོང་དང་འགྲེམས་སྟོན་གྱི་ནང་དོན་ཚང་མར་ཞིབ་བཤེར་དང་འགག་སྒོར་དམ་འཛིན་ཏན་ཏིག་བྱས་ནས་ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་པོ་ཐོན་རྒྱུར་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་རིག་གནས་ཀྱི་འཚོ་བ་ཡག་པོ་ཞིག་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
ལྷ་སའི་ལྟེ་བའི་དཔེ་ཚོང་གྲོང་འདི་ཉིད་ལྷ་ས་གྲོང་ཁྱེར་ཉང་བྲན་ལམ་སྒོ་རྟགས་18པར་གནས་པ་དང་། ས་ཆའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་6308ཡོད་པའི་ནང་། རྩོམ་རིག་དང་། སྒྱུ་རྩལ། ཆབ་སྲིད། དཔལ་འབྱོར། མཚན་ཉིད་རིག་པ། དམག་དོན། སློབ་དེབ་སོགས་ཚུད་ཡོད་པས། རྒྱ་ཆེའི་མང་ཚོགས་ལ་སྤུས་ཚད་མཐོ་བ་དང་།ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཉམས་ལེན་བྱ་ཡུལ་མཁོ་འདོན་བྱས་ཡོད། ཀྲུང་གོའི་ཤིན་ཧྭ་དཔེ་ཚོང་ཁང་མཐུན་ཚོགས་དང་། ཤིན་ཧྭ་དཔེ་ཚོང་ཁང་སྤྱི་ཁྱབ་ཚད་ཡོད་ཀུང་སི། ཀྲུང་གོའི་ཤིན་ཧྭ་དཔེ་ཚོང་ཁང་མཐུན་ཚོགས་སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་འགོ་འཛིན་གཞོན་པའི་ཚན་པ་13བཅས་ཀྱིས་ལྷ་སའི་ལྟེ་བའི་དཔེ་ཚོང་གྲོང་དང་། དེ་བཞིན་རང་ལྗོངས་ཀྱི་སློབ་གྲྭ་དང་། སྡེ་ཁུལ། དཔུང་སྡེ(ཉེན་རྟོག་སྒར་ས)ཁག་གཅིག་གི་འཐུས་མིར་སྒྲིག་ཆས་དང་རིན་ཐང་སྒོར་ཁྲི་9.6རི་བའི་ཕུལ་བྱུང་དཔེ་དེབ་ཞལ་འདེབས་སུ་ཕུལ་བ་རེད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社