分享按钮

བོད་ལྗོངས་ལྷ་སའི་ལྟེ་བའི་དཔེ་ཚོང་གྲོང་ལས་གཉེར་བྱེད་འགོ་ཚུགས་པ།

​ཝང་ཧའེ་ཀྲོའུ་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་8ཉིན། རང་ལྗོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་ཚོང་གྲོང་ཐོག་མ་སྟེ། ལྷ་སའི་ལྟེ་བའི་དཔེ་ཚོང་གྲོང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཤིང་། དཔེ་དེབ་ལྟ་ཀློག་ཕྱིར་ཚོང་དང་། རིག་གནས་གསར་གཏོད་འགྲེམས་སྟོན། རིག་གནས་བྱེད་སྒོ། སྒྱུ་རྩལ་སྤེལ་རེས། མང་ཚོགས་སྤྲོ་གསེང་སོགས་གཞི་གཅིག་ཏུ་འདུས་པའི་ལྟེ་བའི་དཔེ་ཚོང་གྲོང་ཞིག་ཡིན། དེ་ཉིད་ལྟེ་བའི་གྲོང་ཁྱེར་གྱི་མཚོན་རྟགས་གསར་པ་ཞིག་ཏུ་འགྱུར་རྒྱུ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཧའེ་ཀྲོའུ་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུང་གོ་ཤིན་ཧྭ་དཔེ་ཚོང་ཁང་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་མཉམ་དུ་དཔེ་ཚོང་གྲོང་གི་སྒོ་བྱང་བཀལ་བ་རེད།

ཡུལ་དངོས་སུ་ལྟེ་བའི་དཔེ་ཚོང་གྲོང་ལ་གཟིགས་སྐོར་གནང་རྗེས། ཝང་ཧའེ་ཀྲོའུ་ཡིས་ནུས་ཤུགས་ཡོད་རྒུས་དཔེ་ཚོང་གྲོང་ལ་དོ་དམ་དང་གཉེར་སྐྱོང་ཡག་པོ་བྱས་ནས་དེའི་རིག་གནས་ཀྱི་འཐབ་སའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་ཀྱི་མཁོ་སྤྲོད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པ་སྐོང་དགོས་པ་དང་། ནུས་པའི་ཁུལ་ལུགས་མཐུན་དབྱེ་འབྱེད་དང་བེད་སྤྱོད་ཡོངས་སུ་མུ་མཐུད་ཡག་པོ་བྱས་ཏེ། བེད་སྤྱོད་ཆོག་པའི་བར་མཐོངས་བེད་སྤྱོད་གང་ལེགས་དང་། འགྲེམས་སྟོན་དང་འོས་སྦྱོར་ཆོག་པའི་ནང་དོན་འགྲེམས་སྟོན་གང་ཐུབ་ཀྱིས་ལྟེ་བའི་དཔེ་ཚོང་གྲོང་དེ།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-11 ​ཝང་ཧའེ་ཀྲོའུ་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ། 6 6 拉萨日报藏文 c186056.html 1 བོད་ལྗོངས་ལྷ་སའི་ལྟེ་བའི་དཔེ་ཚོང་གྲོང་ལས་གཉེར་བྱེད་འགོ་ཚུགས་པ། /enpproperty-->