བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་མཐའ་འཁྱོངས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། བོད་ལྗོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་5594དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཁྲི་2.2ལྷག་ཙམ་གྱིས་རང་ངོས་ཀྱི་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དང་། དུས་མཚུངས་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ལ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་སྐུལ་ཁྲིད་ཤུགས་ཆེན་བྱས་ཏེ། ཞིང་འབྲོག་པ་ཏང་ཡོན་ཁྲི་21.34ཡིས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་བཏང་ནས་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་གཏོང་དང་། ཏང་གཤིས་བློ་སྦྱོང་ལ་སྦྱོང་བརྡར། རང་ངོས་གཅུན་སྡོམ་བཅས་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པ་རེད།
སྔོན་ལ་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་སློབ་སྦྱོང་གཏིང་ཟབ་དང་མཐར་ཕྱིན་ཡོང་བར་འགན་ལེན་བྱས་པ་སྟེ།རང་སྐྱོང་ལྗོངས་གྲོང་ཚོར་བཅའ་སྡོད་གཞུང་ལས་ཁང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དམིགས་ཚད་བླང་བྱ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ལས་འགན་རྩིས་ཐོའི་ནང་བཅུག་ནས། གྲོང་ཚོར་བཅའ་སྡོད་ཁྱབ་ཁོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་འགན་ཁ་གསལ་བཟོས་པ་དང་། རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་སྒྲིག་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ཇི་མ་ཇི་བཞིན་དང་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་ཏེ། སྒྲིག་ཁྲིམས་དང་སྒྲིག་ལམ་སེམས་སུ་དངོས་འབྲེལ་འཇགས་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་གྱི“ངེས་པར་དུ་དྲུག”དང“བྱེད་མི་ཆོག་པ་བདུན”གྱི་ལས་ཀའི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུས་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གཟའ་འཁོར་རེའི་སློབ་སྦྱོང་བྱེད་རིང་། གྲོང་ཚོར་བཅའ་སྡོད་རུ་མི་དང་རུ་མིའི་དབར་ཕན་ཚུན་འགྲེལ་བཤད་རྒྱག་པ་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社