分享按钮

རྣམ་པར་བཀྲ་བའི་འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་ལྡུམ་ར་སྔར་བས་མཛེས་པར་བྱས་པ།

རིག་གནས་དང་རང་བྱུང་ཤུལ་བཞག་ལ་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་ལྷོད་མེད་བྱ་རྒྱུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་སྒུལ་ཤུགས་ཆེན་པོ་བསྣན་པ།

རིག་གནས་དང་རང་བྱུང་ཤུལ་བཞག་ལ་སྲུང་སྐྱོང་དང་།རྒྱུན་འཛིན། བེད་སྤྱོད་བཅས་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་ཐད། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐེངས་འདིའི་ཤུལ་བཞག་ནང་རེ་ཞུ་བྱས་ནས་གྲུབ་འབྲས་ཐོབ་པ་གོ་སྐབས་སུ་བྱས་ཏེ། རིག་གནས་དང་རང་བྱུང་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་དང་། མ་ལག་རང་བཞིན་གྱི་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཤུལ་བཞག་སྲུང་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཅེས་ནོར་དང་རང་བྱུང་གཅེས་ནོར་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་གསུངས་ཤིང་། “པེ་ཅིང་གི་དཀྱིལ་ཐིག་སྟེ་ཀྲུང་གོའི་ཡིད་སྨོན་བྱ་ཡུལ་གྱི་རྒྱལ་སའི་སྒྲིག་ལམ་གྱི་ཕུལ་བྱུང་མཛད་པ”ལ་སོགས་པའི་རྣམ་གྲངས《འཛམ་གླིང་ཤུལ་བཞག་མིང་ཐོའི》ཁྲོད་ཚུད་པའི་དོན་སྙིང་གལ་ཆེན་དང་དུས་རབས་ཀྱི་ནང་དོན་འགྲེལ་བཤད་གཏིང་ཟབ་གནང་ནས། རིག་གནས་དང་རང་བྱུང་ཤུལ་བཞག་ལ་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

ཟླ་7པའི་ཟླ་མཇུག་ཏུ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་46པར་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། རང་རྒྱལ་གྱི་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་འདོན་རྣམ་གྲངས“པེ་ཅིང་གི་དཀྱིལ་ཐིག་སྟེ་ཀྲུང་གོའི་ཡིད་སྨོན་བྱ་ཡུལ་གྱི་རྒྱལ་སའི་སྒྲིག་ལམ་གྱི་ཕུལ་བྱུང་མཛད་པ”ཞེས་པ་དང་། འཛམ་གླིང་རང་བྱུང་ཤུལ་བཞག་གི་མིང་འདོན་རྣམ་གྲངས“པཱ་ཏན་ཅི་ལིན་བྱེ་ཐང་གི་བྱེ་རི་དང་མཚེའུའི་ཚོགས”ཞེས་པ་དང“ཀྲུང་གོའི་ཧོང་ཧེ་དང་པོ་ཧེ་རྒྱ་མཚོའི་དུས་བྱ་འཚོ་སྡོད་ཁུལ(དུས་ཐེངས་གཉིས་པ)”བཅས་གསུམ《འཛམ་གླིང་ཤུལ་བཞག་མིང་ཐོའི》ཁྲོད་ཚུད་ཅིང་། མིག་སྔར་རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་གི་བསྡོམས་གྲངས་སྣ་59ཟིན་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།

“པེ་ཅིང་གི་དཀྱིལ་ཐིག”ནི་ཀྲུང་ཧྭའི་ཤེས་དཔལ་གྱི་ཁྱད་འཕགས་མཚོན་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་། གནམ་བདེ་སྒོ་མོའི་ཐང་ཆེན་དང་བཟོ་སྐྲུན་ཚོགས་སྤྱི་ཚུད་པའི་ཤུལ་བཞག་15ཚང་མ《འཛམ་གླིང་ཤུལ་བཞག་གི་མིང་ཐོའི》ནང་ཚུད་ཡོད། དེས་འཛམ་གླིང་ལ་ཀྲུང་གོའི་སྲོལ་རྒྱུན་གྱི་གྲོང་ཁྱེར་འཆར་འགོད་རིགས་པའི་གཞུང་ལུགས་དང་། “ཕྱོགས་ལྷུང་མེད་པ”དང“འཆམ་མཐུན”གྱི་མཚན་ཉིད་རིག་པའི་ལྟ་བའི་རིན་ཐང་གལ་ཆེན་མངོན་པར་བྱས་ཤིང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་ཆེན་པོ་ལ་འཛམ་གླིང་གིས་ཁས་ལེན་ཐུབ་པ་མཚོན་ཡོད། པེ་ཅིང་གྲོང་ཁྱེར་རིག་གནས་ཤུལ་བཞག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲུའུ་ཅན་ཧའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས། ཏང་ཀྲུང་དབྱང་གིས་རྒྱལ་སའི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་། “པེ་ཅིང་གི་དཀྱིལ་ཐིག”རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་དོ་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་ལུགས་མཚོན་ཐུབ་པས། ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་ཞེས་བཤད། ཁོང་གིས། ང་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ད་རེས་ཀྱི་རིག་གནས་ཤུལ་བཞག་རེ་ཞུ་ལེགས་གྲུབ་བྱུང་བ་དེ་གོ་སྐབས་སུ་བྱེད་པ། རེ་ཞུའི་ཉམས་མྱོང་ཕྱོགས་བསྡོམས་དང་རེ་ཞུའི་རྗེས་མཐུད་ལས་དོན་ལེགས་པར་སྒྲུབ་པ། སྙིང་རུས་ལྷོད་མེད་ཀྱིས་པེ་ཅིང་གྲོང་ཁྱེར་རྙིང་པར་ཁྱོན་ཡོངས་ནས་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ། “པེ་ཅིང་གི་དཀྱིལ་ཐིག”རིག་གནས་ཤུལ་བཞག་གི་རིན་ཐང་སྔོག་འདོན་བཅས་བྱས་ཏེ། དུས་རབས་གསར་པར་གསོན་ཤུགས་གསར་པ་དང་གཟི་མདངས་གསར་པ་འཕྱུར་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

ཐབས་བརྒྱ་ཇུས་སྟོང་གིས་རིག་གནས་གཅེས་ནོར་དང་རང་བྱུང་གཅེས་ནོར་ལ་སྲུང་སྐྱོང་བྱ་རྒྱུ་དེ་ནི་ང་ཚོའི་འགན་འཁྲི་དང་ལས་འགན་ཡིན།

“པེ་ཅིང་གི་དཀྱིལ་ཐིག”ཤུལ་བཞག་སྲུང་སྐྱོང་ལྟེ་གནས་སུ་སྐྱོད་སྐབས།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-11 རིག་གནས་དང་རང་བྱུང་ཤུལ་བཞག་ལ་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་ལྷོད་མེད་བྱ་རྒྱུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་སྒུལ་ཤུགས་ཆེན་པོ་བསྣན་པ། 6 6 拉萨日报藏文 c186057.html 1 རྣམ་པར་བཀྲ་བའི་འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་ལྡུམ་ར་སྔར་བས་མཛེས་པར་བྱས་པ། /enpproperty-->