分享按钮

ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་གྲ་སྒྲིག་ལས་དོན་གྱི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་7ཉིན་གྱི་ཕྱི་དྲོར། ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་གྲ་སྒྲིག་ལས་དོན་གྱི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུངས་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ཀྲའོ་ཧུའེ་ཉན་གྱིས་དུས་འགོའི་གྲ་སྒྲིག་ལས་དོན་གྱི་འཕེལ་རིམ་གནས་ཚུལ་གསན་རྗེས་འགོ་ཚུགས་མཛད་སྒོ་གཉེར་བ་དང་།འགྲན་བསྡུར་སྒྲིག་འཛུགས། དང་བླངས་པའི་ཞབས་ཞུ་སོགས་ཐད་གསེད་བཀྲོལ་དང་སྤེལ་རེས་ཞིབ་ཕྲ་བྱས་པ་དང་འབྲེལ་ལྷག་པའི་གནད་དོན་དང་དཀའ་ངལ་ལ་དམིགས་ནས་མཛུབ་ཁྲིད་བསམ་འཆར་ཁ་གསལ་བཏོན་པ་རེད།

ཀྲའོ་ཧུའེ་ཉན་གྱིས་དབང་པོ་སྐྱོན་ཅན་གྱི་རིག་གནས་ལུས་རྩལ་བྱ་གཞག་དེ་དབང་པོ་སྐྱོན་ཅན་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཡིན་པའི་ངོས་ནས།རྒྱ་ཆེའི་དབང་པོ་སྐྱོན་ཅན་སྤྱི་ཚོགས་ནང་ཞུགས་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས་དབང་པོ་སྐྱོན་ཅན་སྤྱི་ཚོགས་ནང་ཞུགས་ནས་རང་ངོས་ཀྱི་རིན་ཐང་མངོན་འགྱུར་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། སྒྲིག་འཛུགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་ཡོངས་ཀྱིས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་གྲ་སྒྲིག་ལས་དོན་ཁག་ནང་ཞུགས་ཏེ།འབྲེལ་གཏུགས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ཐོག ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་བདེ་བླག་ངང་གཉེར་རྒྱུར་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།

ཀྲའོ་ཧུའེ་ཉན་གྱིས་དབང་པོ་སྐྱོན་ཅན་ལུས་རྩལ་པའི་ཚོགས་སྤྱིའི་དམིགས་བསལ་རང་བཞིན་ལ་བསམ་གཞིགས་གང་ལེགས་བྱས་ཏེ། སྔར་ལས་སྟབས་བདེ་ཅན་དང་། མི་གཤིས་ཅན། རང་གཤིས་ཅན་བཅས་ཀྱི་ཞབས་ཞུའི་འགན་སྲུང་འདོན་སྤྲོད་བྱེད་པ་དང་། བདེ་འཇགས་འགན་སྲུང་གི་ཇུས་གཞི་ཞིབ་ཕྲ་གཏན་འབེབས་བྱས་ཏེ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-11 6 6 拉萨日报藏文 c186054.html 1 ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་གྲ་སྒྲིག་ལས་དོན་གྱི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ། /enpproperty-->