ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་བདུན་གཅིག་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུས་ཁོངས་གཏོགས་ཁུལ་གྱི་བཅའ་སྡོད་བྱ་ཡུལ་ཚན་པ་དང་སྤུན་ཟླ་སྡེ་ཁུལ་དང་མཉམ་འབྲེལ་བྱས་ཏེ་སྡེ་ཁུལ་མཉམ་འགུལ་གྱི་སྔོ་ལྗང་འགྲན་བསྡུར་ཞེས་པའི་བདུན་གཅིག་སྡེ་ཁུལ་ཏང་ཨུད་ཆེན་པོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་འགྲན་བསྡུར་ནང་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་བདུན་གཅིག་སྡེ་ཁུལ་དང་དན་བག་སྡེ་ཁུལ།བཅིངས་འགྲོལ་ནུབ་ལམ་མངགས་གཏོང་ཁང་སོགས་སྤོ་ལོ་རུ་ཁག་དྲུག་གིས་ཉིན་གསུམ་ནང་འགྲན་བསྡུར་དྲག་པོ་ཐེངས་མང་བྱས་པ་དང་།འགྲན་ཞུགས་པ་ཚོས་མཛའ་གྲོགས་ཨང་དང་པོ་དང་འགྲན་བསྡུར་ཨང་གཉིས་པའི་སྙིང་སྟོབས་དར་སྤེལ་ཧུར་ཐག་བཏང་ནས་འགྲན་བསྡུར་བྱས་པ་རེད།
འགྲན་བསྡུར་བྱས་པ་བརྒྱུད།རྐང་རྩེད་སྤོ་ལོ་སྨྱན་སྦྱོར་དུ་བྱས་ནས་འབྲེལ་གཏུགས་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་པ་དེས་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བར་ཕན་ཚུན་སྤེལ་རེས་དང་།སྤོ་ལོའི་རྩལ་འགྲན་བསྡུར།ལུས་རྩལ་སྦྱོང་བརྡར།རང་ཉིད་ངོམས་སྟོན་བཅས་ཀྱི་གོ་སྐབས་མཁོ་འདོན་བྱས་པར་མ་ཟད།ཏང་འཛུགས་སྐྱོང་དང་མཉམ་སྐྲུན་གྱི་བྱེད་སྒོའི་རྣམ་པ་གསར་གཏོད་བྱས་ནས་ཚང་མའི་ཐུན་མོང་གི་གཟི་བརྗིད་འདུ་ཤེས་དང་ཚོགས་པའི་སྙིང་སྟོབས་སྔར་བས་འཕེལ་བ་དང་སྐྱོན་བྲལ་ཡར་ཐོན་གྱི་སྡེ་ཁུལ་རྣམ་པ་བཏོད་ཡོད།ཚང་མས་འབད་འཐབ་ཀྱི་སྙིང་སྟོབས་དེ་རིགས་རྒྱུན་གཏན་གྱི་ལས་ཀའི་ནང་དུ་མཉམ་འདྲེས་བྱས་ནས་དེ་བས་སྤྲོ་སེམས་དང་དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་སྡེ་ཁུལ་མང་ཚོགས་ལ་བྱ་བ་དངོས་ཏན་ཏིག་སྒྲུབ་པ་དང་།ཐུན་མོང་ཐོག་བཅའ་སྡོད་མཉམ་སྐྲུན་དང་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་བཏང་སྟེ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社