分享按钮

ལྷ་ས་གྲོང་ཁྱེར་གྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་ཚོགས་ཆེན་འཚོགས་པ།

(པར་ངོས་དང་པོར་མཐུད)ཏང་འཛུགས་སྐྱོང་དང་ཏང་དོ་དམ་དང་ཏང་སྐྱོང་ཚད་ལྡན་དུ་གཏོང་དགོས་ཤིང་།གཞུང་ཁོངས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་འགན་འཁུར་བ་ཨང་དང་པོ་ཡིན་པའི་ངོས་ནས་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་བཙུགས་ཏེ་རུལ་འགོག་གི་འགོག་སྲུང་འཛིང་རགས་བརྟན་པོར་འཛུགས་དགོས།འགན་སྒྲུབ་དང་དངོས་སྒྲུབ་ཀྱི་འགན་འཁུར་ཚད་ལྡན་དུ་གཏོང་དགོས་ཤིང་།གཙོ་གནད་གསུམ་དང་ཆེན་པོ་གཅིག་གི་ཐབས་ཇུས་གོ་རིམ་ལག་བསྟར་ནན་པོ་བྱས་ཏེ་ཏང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་རིམ་པ་རེ་རེ་བཞིན་ཏན་ཏིག་འགེལ་དགོས།སྡེ་ཁག་དང་ཁེ་ལས་དབར་གྱི་མཉམ་ལས་གཉིས་ཕན་ཚད་ལྡན་དུ་གཏོང་དགོས་ཤིང་།སྲིད་གཞུང་དང་ལས་རིགས་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་།གཞུང་ཁོངས་ཁེ་ལས་ཀྱིས་སྡེ་ཚན་ཁག་དང་ཕན་ནུས་ཆེ་བའི་འབྲེལ་མཐུད་དང་མཉམ་ལས་དམ་ཟབ་བྱེད་དགོས།གསར་འབྱེད་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱེད་དགོས་ཤིང་།དུས་རབས་དང་འཚམ་པ་དང་དུས་རབས་དང་བསྟུན་པ།འགག་སྒྲོལ་གསར་གཏོད་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འཕེལ་རྒྱས་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས།

གྲོང་ཁྱེར་གྱི་འགོ་ཁྲིད་ཁྲེན་ཅིང་དང་།ལུའུ་ཚུང་ཧྥུ།ཁོང་ཧུའེ།ཀའོ་ཅུན།པད་མ་གཡུ་སྒྲོན་བཅས་ཚོགས་འདུར་ཞུགས་པ་དང་།ལི་ཅང་ཤིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བ་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་།རྫོང(ཆུས)དང་གླིང་ཁུལ་ཁག་ལ་ཡན་ལག་ཚོགས་ར་བཙུགས་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-10 6 6 拉萨日报藏文 c186047.html 1 ལྷ་ས་གྲོང་ཁྱེར་གྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་ཚོགས་ཆེན་འཚོགས་པ། /enpproperty-->