分享按钮

ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་མེ་འཁོར་འཁོར་སྐྱོད་ཀྱི་གནས་ཚུལ་ལེགས་སུ་བཏང་ནས་འགྲུལ་པའི་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྗོངས་ནང་ཁུལ་གྱི་མང་ཚོགས་ཀྱི་ཕྱིར་སྐྱོད་ཀྱི་དགོས་མཁོ་ཁྱོན་ཡོངས་ནས་སྐོང་ཆེད། ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་ཉེ་ཆར་ལྷ་ཉིང་ལྕགས་ལམ་གྱི་མེ་འཁོར་Z8902གཏོང་བའི་དུས་ཚོད་ལེགས་སུ་བཏང་བ་དང་ལྷ་ཉིང་ལྕགས་ལམ་གྱི་འགྲུལ་སྐྱེལ་མེ་འཁོར་མང་དུ་གཏོང་བའི་གནས་སྐབས་ཇུས་གཞི་དངོས་སུ་ལག་བསྟར་བྱས་ཡོད།

ཟླ་8ཚེས་5ཉིན་ནས་བཟུང་། ལྕགས་ལམ་ཚན་པས་ཉིང་ཁྲིའི་མེ་འཁོར་འབབ་ཚུགས་ནས་ལྷ་སའི་མེ་འཁོར་འབབ་ཚུགས་བར་གྱི་མེ་འཁོར་ཐེངས་གྲངས་Z8902གཏོང་བའི་དུས་ཚོད་ལེགས་སྒྲིག་བྱས་ཤིང་། ཉིང་ཁྲིའི་མེ་འཁོར་འབབ་ཚུགས་ནས་གཏོང་བའི་དུས་ཚོད་དེ་སྔོན་དང་བསྡུར་ན་སྐར་མ་40སྔ་བསྣུར་བྱས་པས་ལྷ་ཉིང་ལྕགས་ལམ་ཀྱི་བར་དཀྱིལ་དུ་སྡོད་པའི་དུས་ཚོད་སྐར་མ་40སྔ་བསྣུར་བྱུང་ཡོད་པས་ལམ་རྒྱུད་ཀྱི་ལས་ཀར་འགྲོ་མཁན་གྱི་དགོས་མཁོ་དང་ཧ་ཅང་འཚམ་པོ་བྱུང་ཡོད་པ་རེད། དེ་དང་ཆབས་ཅིག་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་མེ་འཁོར་གྱི་ཐག་ཐུང་འགྲུལ་བཞུད་ཀྱི་མེ་འཁོར་ཐེངས་གྲངས་ཁྱབ་གདལ་ཤུགས་ཆེན་བཏང་བས་ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་དམངས་ཚོགས་ཀྱི་འགྲུལ་བཞུད་ཀྱི་དུས་ཚོད་མ་གནས་ཆེས་ཆེར་ཆག་པ་དང་།ས་གནས་དེ་གའི་དུས་ཡུན་རིང་བའམ་ཡང་ན་དུས་ཐུང་གི་གཏན་འཇགས་ས་གནས་གཉིས་སུ་ཡང་ཡང་འགྲོ་སྐྱོད་བྱེད་མཁན་ཚོང་དོན་ལམ་ཡང་ན་ཉེ་འཁོར་དུ་ཡུལ་སྐོར་ལ་འགྲོ་བར་སྟབས་བདེ་རུ་ཕྱིན་ཡོད་པ་རེད། གཞན་ཡང་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་རྒྱུན་ལ་དོ་སྣང་བྱས་ནས་ཉིན་རེའི་འཆར་འགོད་དཔེ་རིས་གནད་ལ་འཁེལ་བའི་སྒོ་ནས་བཏོན་པ་དང་། ཤུགས་འགྲེམས་མེ་འཁོར་གྱི་གྲངས་འབོར་ཚན་རིག་དང་མཐུན་པའི་ངང་སྙོམས་སྒྲིག་བྱས་ཏེ་ལྕགས་ལམ་འགྲིམ་འགྲུལ་ཀྱི་སྦྲེལ་མཐུད་ནུས་པ་ཆེ་རུ་བཏང་ནས་ལྷ་ས་ནས་གཞིས་རྩེ་བར་གྱི་མེ་འཁོར་དུས་ཐོག་ཏུ་མང་དུ་གཏོང་གི་ཡོད་པ་རེད། མིག་སྔར་ལྷ་ས་དང་གཞིས་རྩེ་བར་ཁྱོན་མེ་འཁོར་5གཏོང་གི་ཡོད་པ་རེད།

དུས་ཡུན་ཟླ་བ་གཅིག་ལྷག་ཙམ་གྱི་བརྟག་ཞིབ་དང་རྟོག་ཞིབ་བྱེད་རིང་། ལྷ་སའི་མེ་འཁོར་འབབ་ཚུགས་ཏང་ཨུད་ཀྱིས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ཞིབ་ཚགས་ཀྱི་ཞབས་ཞུའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་མེ་འཁོར་འབབ་ཚུགས་ཀྱི་འགོ་ཁྲིད་ཀྱིས་རུ་ཁག་གི་སྣེ་ཁྲིད་དེ་མེ་འཁོར་ནང་འགྲོ་བ་དང་། མེ་འཁོར་འབབ་ཚུགས་སུ་བསྐྱོད་པ། ས་ཁོངས་སྲིད་གཞུང་དང་འབྲེལ་གཏུག་བཅས་བྱས་ནས་བརྟག་ཞིབ་དང་རྟོག་ཞིབ་ལས་དོན་སྤེལ་ཏེ་འགྲུལ་པ་འགྲོ་སྐྱོད་ཀྱི་དུས་ཚོད་ལེགས་སུ་གཏོང་བ་དང་མྱུར་ཚད་མགྱོགས་སུ་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། ད་ཐེངས་ལེགས་སྒྲིག་བྱས་པ་དེའི་ཐོག་ནས་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱི་མི་དམངས་ཀྱི་ལྕགས་ལམ་མི་དམངས་ཆེད་དུ་ཡིན་ཞེས་པའི་ཐོག་མའི་བསམ་འདུན་དང་ལས་འགན་མངོན་པ་དང་།གྲོང་ཁྱེར་དེ་གཉིས་བར་འགྲོ་འོང་ཡང་ཡང་བྱེད་པའི་ལས་ཀར་འགྲོ་མཁན་དང་རྒྱ་ཆེའི་ཡུལ་སྐོར་བར་སྔར་བྱུང་མྱོང་མེད་པའི་སྟབས་བདེ་དང་ཕན་འབྲས་ཐོན་པར་མ་ཟད། མང་ཚོགས་ཀྱི་ཐག་ཉེའི་འགྲུལ་བཞུད་དང་ཡུལ་སྐོར་གྱི་དུས་ཚོད་ཀྱི་མ་གནས་ཆེས་ཆེར་ཆུང་དུ་ཕྱིན་པར་མ་ཟད། སྤྱི་ཡོངས་ཀྱི་ཡུལ་སྐོར་གྱི་བློ་ཡིད་ཚིམ་ཚད་དང་བདེ་སྣང་ཆེ་རུ་ཕྱིན་ཡོད་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-10 6 6 拉萨日报藏文 c186049.html 1 ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་མེ་འཁོར་འཁོར་སྐྱོད་ཀྱི་གནས་ཚུལ་ལེགས་སུ་བཏང་ནས་འགྲུལ་པའི་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་པ། /enpproperty-->