分享按钮

2024ལོའི་ལྷ་སའི་ཞོ་སྟོན་རིང་གི་ནང་འདྲེན་དངོས་ཟོག་ཚོང་འདུས་བདེ་བླག་ངང་མཇུག་འགྲིལ་བ།

(པར་ངོས་དང་པོར་མཐུད)ཟླ་8ཚེས་8ཉིན་ནི་2024ལོའི་ལྷ་སའི་ཞོ་སྟོན་རིང་གི་ནང་འདྲེན་དངོས་ཟོག་ཚོང་འདུས་ཀྱི་ཉིན་མཐའ་མ་དེ་ཡིན་པ་དང་། ཉིན་དེར་ཆར་པ་སིམ་སིམ་ཞིག་བབས་ཀྱང་གྲོང་མི་ཚོའི་ཉོ་སྒྲུབ་ཀྱི་སྤྲོ་སེམས་ཆུང་དུ་ཕྱིན་མེད་པར་འགྲེམས་ཁུལ་ཆེ་གྲས་ཁག་གི་ནང་དུ་དངོས་ཟོག་ཉོ་སྒྲུབ་བྱེད་པར་ཡོང་གི་ཡོད་པ་རེད། གཙོ་དོན་འགྲེམས་ཁང་5ཡི་ནང་དུ་མི་ཧ་ཅང་མང་བ་སྟེ། གྲལ་སྟར་རིང་པོ་ཞིག་བསྒྲིགས་ཤིང་དངོས་ཟོག་ཉོ་མཁན་ཡང་མང་པོ་འདུག

ཚོང་འདུས་ནང་ཞུགས་མཁན་ཚོང་པ་ཁྲེན་ཅེ་ཡིས་ང་ཚོ་ཞོ་སྟོན་ལ་ཞུགས་ཐེངས་དང་པོ་ཡིན། ད་ལོའི་བྲིན་ཚོང་ཡང་སྔོན་དཔག་ལས་བརྒལ་བ་དང་། མི་མང་ཞིང་ཉོ་སྒྲུབ་བྱེད་མཁན་ཡང་མང་པོ་འདུག ད་ཐེངས་ང་ཚོས་འཁྱེར་ཡོང་བའི་དངོས་ཟོག་ཚང་མ་ནི་ཐེ་ལན་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཡིན་པས་ལྷ་སའི་གྲོང་མི་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག སང་ལོའི་ཞོ་སྟོན་གྱི་སྐབས་སུ་ཡང་ང་ཚོས་ཚོགས་པ་སྒྲིག་འཛུགས་བྱས་ནས་འདིའི་ནང་ཞུགས་རྒྱུ་ཡིན་ཞེས་བཤད།

ཉིན་5ཡི་རིང་ལ་ཚོང་འདུས་ཀྱི་ཡུལ་དངོས་སུ་འཁྲུག་ཆ་དོད་པ་དང་། མང་ཚོགས་ཀྱིས་ཉོ་སྒྲུབ་བྱེད་པའི་སྤྲོ་སེམས་ཡང་རབ་ཏུ་འཕེལ་བར་མ་ཟད། ཁྱད་ལྡན་ཐོན་རྫས་ཆིག་སྟོང་ལྷག་ཙམ་གྱིས་ཀྱང་མི་ཚང་མར་དགའ་བ་དཔག་མེད་སྦྱིན་ཡོད།

གྲོང་མི་ངག་བཟང་གིས་ཁ་སང་ཡང་དངོས་པོ་མི་ཉུང་བ་ཞིག་ཉོས་པ་ཡིན། དངོས་པོ་ཉོ་སྐབས་སྣང་བ་སྐྱིད་པོ་འདུག དེ་རིང་ནི་ཚོང་འདུས་ཀྱི་ཉིན་མཐའ་མ་དེ་ཡིན་པས། གྲོགས་པོ་ཁྲིད་ནས་དངོས་པོ་ཉོ་བར་ཡོང་བ་ཡིན། ད་ལོའི་ཚོང་འདུས་འདི་ཡག་པོ་གཉེར་འདུག ང་ཚོ་མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་བྱུང་། སླད་ཕྱིན་ཚོང་འདུས་འདི་འདྲ་མང་ཙམ་གཉེར་རྒྱུའི་རེ་བ་ཡོད་ཅེས་བཤད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-10 6 6 拉萨日报藏文 c186045.html 1 2024ལོའི་ལྷ་སའི་ཞོ་སྟོན་རིང་གི་ནང་འདྲེན་དངོས་ཟོག་ཚོང་འདུས་བདེ་བླག་ངང་མཇུག་འགྲིལ་བ། /enpproperty-->