(པར་ངོས་གཉིས་པར་མཐུད)སྒོ་རྩིས་ཚོང་ཁང་། བོད་ཟས་ཟ་ཁང་བཅས་སུ་བསྐྱོད་ནས་བཟའ་བཅའི་བདེ་འཇགས་ཀྱི་དཔེ་སྟོན་དང་སྐྱིད་པའི་ལྷ་སའི་རྣམ་པ་གསར་པར་མྱོང་རོལ་བྱས་ཡོད།
ཚོགས་པ་ད་དུང་ལྷ་ས་གྲོང་ཁྱེར་དང་། སྟག་རྩེ་ཆུས་འབྲོམ་ཐོད་ཤང་། མལ་གྲོ་གུང་དཀར་རྫོང་སོགས་ས་ཁུལ་གྱི་སྲིད་གཞུང་ཚན་པ་དང་།གཞི་རིམ་སྡེ་ཁུལ། གྲོང་ཚོ་དང་གྲོང་རྡལ། ཁེ་ལས། ཚོང་ཁང་། ཟ་ཁང་སོགས་སུ་བསྐྱོད་དེ་ས་གནས་དེ་གའི་མང་ཚོགས་ཀྱི་བཟའ་བཅའི་གྲུབ་ཆ་དང་། འཚོ་བའི་གོམས་གཤིས་དང་གཅིན་པ་མངར་འགྱུར་གྱི་ནད་ཕོག་པའི་ནད་པར་འབྲེལ་ཡོད་རང་བཞིན་གྱི་འདྲི་ཤོག་བརྟག་དཔྱད་དང་ཡུལ་དངོས་སུ་བཅར་འདྲི་བྱས་པ་རེད། ཕོ་མོ་མི་འདྲ་བ་དང་ལོ་ཚོད་མི་འདྲ་བའི་གྲངས་གཞི་239ལ་དབྱེ་ཞིབ་བྱས་པ་བརྒྱུད། ལག་ལེན་ཚོགས་པའི་ཁོངས་མིས་གྲོང་མིས་རྒྱུན་གཏན་དུ་སྤྱོད་པའི་རྩམ་པ་དང་། ཇ་ཐང་། ཇ་བསྲུབ་མ་སོགས་ཀྱིས་ཁྲག་མངར་མཐོ་རུ་མི་འགྲོ་བ་དང་ལྷག་པར་དུ་ནས་ནག་པོའི་རྩམ་པ་དེས་ཁྲག་མངར་དོ་སྙོམས་རྒྱུན་འཁྱོངས་དང་ཐ་ན་ཁྲག་མངར་དམའ་རུ་གཏོང་རྒྱུར་ནུས་པ་ངེས་ཅན་ཐོན་གྱི་ཡོད་པ་ཤེས་རྟོགས་བྱུང་ཡོད།
དགེ་སློབ་རྣམས་མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་གྱི་སྔོ་ཚལ་དྲོད་ཁང་ཆེན་པོར་ལྟ་སྐོར་བྱས་ཏེ་འབྲི་ཏ་ས་འཛིན་དང་ཀྲོ་མ་ཀྲུ་སོགས་ཤིང་ཏོག་དང་སྔོ་ཚལ་སྐྱེ་ཚུལ་ལ་ལྟ་ཞིབ་བྱས་པ་དང་།གླིང་ཁུལ་གྱི་འགན་འཁུར་བ་དང་མཉམ་དུ་ཞིང་ལས་འདེབས་འཛུགས་དང་།བཟའ་བཅའ་ལས་སྣོན་གྱི་གསར་གཏོད་ཐབས་ལམ་ཐད་སྤེལ་རེས་དང་གྲོས་བསྡུར་བྱས་པ་སྟེ།དེའི་ནང་འདེབས་འཛུགས་ལག་རྩལ་ཡར་ཐོན་དང་། ཞིང་ལས་སྐྱེ་དངོས་སྣ་མང་ཅན་དུ་འགྱུར་བ། ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་རུ་འགྲོ་བ། ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་སོཊ་ཚུད་ཡོད་པ་རེད།
གནམ་མཚོ་ཕྱུག་མོ་དང་ལ་རྒན་ལ་རུ་ཚོགས་པའི་ཁོངས་མིས་ད་དུང་ཆུ་དཔེ་དང་ས་དཔེ་འཚོལ་བསྡུ་བྱས་ཏེ་སློབ་གྲྭར་འཁྱེར་ནས་རྗེས་མཐུད་ཀྱི་ཚན་རིག་ཞིབ་འཇུག་བྱས་ནས་ཁོར་ཡུག་སྲུང་སྐྱོང་དང་། ཐོན་ཁུངས་གསར་སྤེལ། འབྱུང་ཁམས་འཛུགས་སྐྲུན། ཞིང་ལས་འཕེལ་རྒྱས་སོགས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་དུས་རབས་གསར་པའི་རིན་ཐང་དར་སྤེལ་བཏང་བ།
ཚོགས་པའི་ཁོངས་མིས་གུང་གཞོན་སྡེ་ཚོགས་གྲོང་ཨུད་དང་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་སོགས་དང་བཞུགས་མོལ་གཏིང་ཟབ་བྱས་ཡོད། ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་ཁྲེན་ཤིན་གྱིས་ཁོངས་མི་ཚོ་དང་གླེང་མོལ་གཏིང་ཟབ་བྱས་ཡོད། ཁྲེན་ཤིན་གྱིས་བོད་དུ་སླེབས་ནས་ལོ་གཅིག་སོང་རིང་།ངས་དང་བླངས་ཞབས་ཞུ་ཐེངས་76དང་འགྲན་བསྡུར་ཆེ་གྲས་ཐེངས་12ལ་ཞུགས་པ་དང་།དང་བླངས་ཞབས་ཞུའི་དུས་ཡུན་ཆུ་ཚོད་300ལྷག་ཙམ་ཟིན་ཡོད། སྡེ་ཁུལ་དང་། སློབ་གྲྭ ཕན་བདེ་ཁང་སོགས་གང་དུ་དགོས་མཁོ་ཡོད་ཚེ་ངས་དེ་རུ་དང་བླངས་ཞབས་ཞུ་བསྒྲུབས་ཡོད་ཅེས་བཤད་པ་རེད།
ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་ཡིན་ཞིང་། ཚོགས་པའི་ཁོངས་མི་རྣམས་ད་དུང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བའི་དྲན་གསོ་ཁང་། ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་གནས་ཡུལ་རྙིང་པ་བཅས་སུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་ཡོད། ལག་ལེན་ཚོགས་པའི་ཁོངས་མི་ཏེང་ཡུས་རུའུ་ཡིས་མི་རབས་ནས་མི་རབས་བར་གྱི་ལེགས་སྐྱེས་འབུལ་མཁན་དང་། རང་སྲོག་བློས་བཏང་ནས་འབད་འཐབ་བྱེད་མཁན། ཉིན་མཚན་དབྱེར་མེད་དུ་འཛུགས་སྐྲུན་བྱེད་མཁན་བཅས་དང་།ཏང་དང་རྒྱལ་ཁབ་མེད་ན་བོད་ཀྱི་འོད་སྟོང་འཕྲོ་བའི་དེང་སྐབས་ཡོང་མི་སྲིད་ཅེས་བཤད།
ཡིད་དབང་འཕྲོག་པའི་ཞོག་ཤང་དང་། སྤྲིན་ཐོག་གི་སྟག་རྩེ། ས་མཐོའི་གནའ་གྲོང་། གནས་མཆོག་ལྷ་ས།སྲོང་བཙན་གྱི་ཕ་ཡུལ།མཛེས་པའི་མལ་གྲོ་སོགས་སུ་ཚོགས་པའི་ཁོངས་མིས་ཅང་སུའུ་ཡིས་ལྷ་སར་ཁ་གཏད་རོགས་སྐྱོར་བྱས་པར་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་དངོས་སུ་མྱོང་རོལ་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་དང་ལང་ཚོའི་སྟོབས་ཤུགས་གཅིག་འདུས་ཀྱི་ནང་དོན་ལ་ཤེས་རྟོགས་ཐུབ་པ། ཏང་ཀྲུང་དབྱང་གིས་བོད་ལ་ཁ་གཏད་རོགས་སྐྱོར་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ཤེས་རྟོགས་གཏིང་ཟབ་བྱུང་ཡོད། ཕྱིས་འབྱུང་།མུ་མཐུད་ནས་ལང་ཚོ་དང་། བློ་གྲོས། སྟོབས་ཤུགས་བཅས་ལ་བརྟེན་ནས་དུས་རབས་གསར་པའི་ཅང་སུའུ་དང་ལྷ་སའི་བརྩེ་བ་ཟབ་པའི་ལེའུ་གསར་པ་བརྩམ་རྒྱུ་ཡིན་པ་རེད།
(པདྨ་རྒྱལ་དང་བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社