分享按钮

(པར་ངོས་དང་པོར་མཐུད)ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་ལེན་མཐར་ཕྱིན་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། གཟི་བརྗིད་ཀྱི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་། རང་འགན་གཙང་སྒྲུབ། གཞུང་འཁྱོངས་གསར་གཏོད། ལས་ཀ་ཏན་ཏིག་བཅས་བྱས་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། གནད་དོན་དང་མཇུག་འབྲས་ཕྱོགས་སྟོན་སུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཕྱོགས་བསྡོམས་ལ་བསམ་གཞིགས་བྱེད་མཁས་པ། གནད་དོན་ལ་ཤེས་རྟོགས་དང་། གནད་དོན་ལ་དབྱེ་ཞིབ། གནད་དོན་ཐག་གཅོད་བཅས་བྱེད་མཁས་པ། ཆོད་སེམས་སྔར་ལས་ཆེ་བ་དང་། བྱེད་ཐབས་སྔར་ལས་ཏན་ཏིག འགན་འཁྲི་སྔར་ལས་ནན་པོ་བཅས་ཀྱི་ཐོག་ནས་སྤྱོད་ཚུལ་ལེགས་གཏོང་ཏན་ཏིག་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། གྲོང་ཨུད་ཀྱི་ལྟེ་བའི་ལས་ཀའི་བླང་བྱ་དང་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ལོ་འཁོར་གྱི་དམིགས་ཚད་ལ་དམ་འཛིན་ནན་པོ་བྱས་ཏེ།ཡིག་ཚགས་བཟོས་ནས་མགྱོགས་སུ་གཏོང་བ་དང་ནུས་ཤུགས་གང་ཡོད་བཏོན་ནས་ལོ་སྨད་ཀྱི་ལས་ཀ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཐོག་ལོ་ཧྲིལ་པོའི་ལས་ཀའི་ལས་འགན་བདེ་བླག་ངང་མཇུག་འགྲིལ་ཐུབ་པའི་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི་ཀྲེང་ཝུའེ་གོ་དང་། ཕེང་ཧྥེ་ཡུའེ། ཟླ་བ། ཧོའུ་ཅིང་ཧྭ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-10 6 6 拉萨日报藏文 c186043.html 1 /enpproperty-->