分享按钮

2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

ཟླ་8ཚེས་17ཉིན་འགྲན་བསྡུར་གཉེར་རྒྱུ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་8ཉིན།2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས།2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་གི་གྲ་སྒྲིག་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་མིག་དམར་ཆུང་ཐག་གིས་ངོ་སྤྲོད་བྱས་དོན། འགྲན་བསྡུར་དེ་མཛེས་ལྡན་ལྷ་སར་མྱུལ། འབྱུང་འགྱུར་ཕྱོགས་སུ་རྒྱུག་ཅེས་པ་གཙོ་དོན་དུ་བྱས་ནས་ལྷ་སའི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཀྱི་ལེགས་ཆ་དང་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་ལ་བརྟེན་ནས་འགྲན་ལམ་མཛེས་ཤོས་གཏོད་རྒྱུར་གཞོལ་ཡོད།འགྲན་བསྡུར་དེར་ལམ་ཕྱེད་མར་སུན་རྒྱང་རྒྱུག(སྤྱི་ལེ་21.0975)དང་།མྱུར་བགྲོད་འགྲན་རྒྱུག(སྤྱི་ལེ་10) བདེ་ཐང་འགྲན་རྒྱུག(སྤྱི་ལེ་5)བཅས་ཚོགས་ཆུང་གསུམ་བཀོད་སྒྲིག་བྱས་ཡོད།དེའི་ཁྲོད་ལམ་ཕྱེད་མར་སུན་རྒྱང་རྒྱུག་ལ་མི་གྲངས་2000དང་།མྱུར་བགྲོད་འགྲན་རྒྱུག་ལ་མི་གྲངས་500 བདེ་ཐང་འགྲན་རྒྱུག་ལ་མི་གྲངས་2500བཅས་ཞུགས་ཡོད་པ་རེད།

ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་2018ལོར་འགོ་ཚུགས་པ་ནས་བཟུང་སྐབས་བཞི་བདེ་བླག་ངང་གཉེར་ཡོད་ཅིང་། སྐབས་འདིའི་འགྲན་བསྡུར་དེ་ཀྲུང་གོ་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་ཁས་ལེན་བྱས་པ་དང་།ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ།ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་སྒྲུབ་འགན་ཁུར་ཡོད།ཟླ་6ཚེས་24ཉིན་འགྲན་བསྡུར་གྱི་མིང་ཐོ་འགོད་རྒྱུ་ཁྱོན་ཡོངས་ནས་འགོ་ཚུགས་པ་དང་།ཟླ་7ཚེས་26ཉིན་གྱི་ཆུ་ཚོད་17ཐོག་མིང་ཐོ་འགོད་མཚམས་འཇོག་སྐབས་ཚོགས་ཆུང་ཁག་ཚང་མར་མིང་ཐོ་འགོད་མཁན་གྱིས་ཁེངས་ཡོད། ལམ་ཕྱེད་མར་སུན་རྒྱང་རྒྱུག་དང་།མྱུར་བགྲོད་འགྲན་རྒྱུག བདེ་ཐང་འགྲན་རྒྱུག་བཅས་ཚོགས་ཆུང་གསུམ་གྱི་འགོ་འཛུགས་ས་ཚང་མ་བོད་རང་སྐྱོང་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་ཡིན་པ་དང་། མར་སུན་རྒྱང་རྒྱུག་གི་མཇུག་སྒྲིལ་ས་ནི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དང་།མྱུར་བགྲོད་འགྲན་རྒྱུག་མཇུག་སྒྲིལ་ས་ནི་སྣེའུ་ཝན་ཏ་ཐང་ཆེན། བདེ་ཐང་འགྲན་རྒྱུག་གི་མཇུག་སྒྲིལ་ས་ནི་བུམ་པ་རི་སྤྱི་གླིང་བཅས་སུ་ཡིན་པ་རེད། འགྲན་བསྡུར་ནི་ཚོགས་ཆུང་མི་འདྲ་བའི་ཁུལ་དབྱེའི་འགྲན་བསྡུར་གྱི་རྣམ་པའི་ཐོག་ནས་སྤེལ་རྒྱུ་ཡིན་པ་དང་།མིག་སྔར།འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་ཛ་དྲག་དང་གོ་རིམ་ལྡན་པའི་སྒོ་ནས་གྲ་སྒྲིག་ལས་དོན་ཁག་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་།འགྲན་བསྡུར་དེ་ཟླ་8ཚེས་17ཉིན་གཉེར་རྒྱུ་ཡིན་པ་རེད།གསར་འགོད་པའི་དྲི་བར་ལན་འདེབས་པའི་ལྷུ་ཚིགས་ནང་གསར་འགྱུར་མགྲིན་ཚབ་པ་ཁག་གིས་འགྲན་བསྡུར་གྱི་བཀྲག་མདངས་འཚེར་ས་དང་།འགྲན་བསྡུར་ལམ་རྒྱུད་ཀྱི་མཛེས་ལྗོངས་གྲགས་ཅན།འགྲན་བསྡུར་རིང་གི་འགྲིམ་འགྲུལ་དོ་དམ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་གསར་འགོད་པའི་དྲི་བར་ལན་འདེབས་རྒྱུ་རེད།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རིམ་བཞིའི་ཉེན་རྟོག་པ་ཀྲའོ་ཙེ་ཧུའེ་ཡིས་འགྲིམ་འགྲུལ་དོ་དམ་དུས་ཚོད་ནི་ཟླ་8ཚེས་17ཉིན་གྱི་ཆུ་ཚོད་8དང་སྐར་མ་30ནས་བྱེད་སྒོ་མཇུག་འགྲིལ་བའི་བར་ཡིན་པ་དང་།དོ་དམ་བྱ་ཡུལ་ནི་འཕྲུལ་སྒུལ་འཁོར་རིགས་དང་།འཕྲུལ་སྒུལ་འཁོར་རིགས་མིན་པའི་འཁོར་རིགས།རྐང་ཐང་བ་བཅས་ཚུད་ཡོད།དོ་དམ་ལམ་ཐིག་ནི་བོད་རང་སྐྱོང་ལྗོངས་འགྲེམས་ཚོགས་ལྟེ་གནས(འགོ་འཛུགས་ས་ཡིན)ནས་ཅང་སུའུ་ལམ་ཆེན་དང་།གཙང་རལ་ལྷོ་ལམ་དུམ་བུ།གཙང་རལ་ཟམ་ཆེན།ཚེ་མཆོག་གླིང་ལམ་ཆེན།ལྷོ་སྐོར་ལམ།སེམས་སྦྲེལ་ཟམ་པ།གཙང་འགྲམ་ལམ།མི་རིགས་ལམ།འདམ་ར་ནུབ་ལམ།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-10 ཟླ་8ཚེས་17ཉིན་འགྲན་བསྡུར་གཉེར་རྒྱུ་ཡིན་པ། 6 6 拉萨日报藏文 c186041.html 1 2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ། /enpproperty-->