分享按钮

མོ་ལི་དང་སྐལ་བཟང་མེ་ཏོག་མཉམ་དུ་བཞད། ལང་ཚོར་བརྟེན་ནས་རི་ཆུའི་བརྩེ་བ་མཚོན་ཞེས་པའི་མི་རིགས་མཐུན་སྒྲིལ་ལག་ལེན་ཚོགས་པས་རང་གྲོང་དུ་དབྱར་ཁའི་གུང་གསེང་རིང་གི་སྤྱི་ཚོགས་ལག་ལེན་བྱེད་སྒོ་སྤེལ་བ།

པར་འདི་ནི་ལག་ལེན་ཚོགས་པས་གླིང་ལྔ་གྲོང་ཚོའི་ལོ་རྒྱུས་ཁང་ལ་ལྟ་སྐོར་བྱེད་བཞིན་པ།

ཟླ་7ཚེས་8ཉིན། ཅང་སུའུ་ཡི་ཁ་གཏད་བོད་སྐྱོར་ལག་བསྟར་བྱས་ནས་ལོ་30འཁོར་བའི་སྐབས་སུ། མི་རིགས་མཐུན་སྒྲིལ་གྱི་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཞེས་པའི་ཅང་སུའུ་ཡི་སློབ་ཆེན་སློབ་མ་དབྱར་ཁའི་གུང་གསེང་སྐབས་སུ་ལྷ་སར་ཡོང་ནས་སྤྱི་ཚོགས་ལག་ལེན་གྱི་མི་རིགས་མཐུན་སྒྲིལ་གྱི་ཆེད་དོན་ཚོགས་པ་སྟེ་ནན་ཅིན་བཟོ་ལས་སློབ་གླིང་གི་བཟའ་བཅའ་དང་ཡང་བའི་བཟོ་ལས་གླིང་གི་མོ་ལི་དང་སྐལ་བཟང་མེ་ཏོག་མཉམ་དུ་བཞད། ལང་ཚོར་བརྟེན་ནས་རི་ཆུའི་བརྩེ་བ་མཚོན་ཞེས་པའི་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་ཚོགས་པའི་དགེ་སློབ་དང་ཏང་ཡོན་དང་བཅས་པས་ལྟ་སྐོར་འཚོལ་ཞིབ་དང་། འདྲི་ཤོག་བརྟག་དཔྱད། སྤེལ་རེས་བཅར་འདྲི། དང་བླངས་ཞབས་ཞུ། ཆེད་ལས་སློབ་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས་ལང་ཚོ་དང་བརྩེ་དུང་གི་ཆུ་རྒྱུན་དེ་བོད་ལྗོངས་ཀྱི་དྭངས་ཤིང་གཙང་བའི་ས་ཆ་འདིར་དྲངས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལ་གསོན་ཤུགས་རྒྱས་པར་བྱས་ཡོད།

མི་རིགས་མཐུན་སྒྲིལ་གྱི་གླུ་གཞས་མཉམ་དུ་བརྩམས་ནས་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པར་མཉམ་དུ་བསྟོད་གླུ་འབུལ།

ཚོགས་པ་དེ་ནན་ཅིང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཏེ་མལ་གྲོ་གུང་དཀར་རྫོང་དུ་བསྐྱོད་དེ་རྫོང་མང་ཚོགས་དང་ཚོགས་པའི་ལས་དོན་པུའི་འབྲེལ་ཡོད་འགན་འཁུར་བའི་སྣེ་ཁྲིད་འོག ཐོན་ལས་བོད་སྐྱོར་རྣམ་གྲངས་ཏེ་སྐལ་བཟང་མེ་ཏོག་བཞད་ཅེས་པའི་ཐོན་ལས་གླིང་དང་། པད་ཁའི་སྣུམ་གྱི་ཁྱད་ལྡན་ཐོན་ལས་གླིང་། རྒྱལ་ཁབ་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་བཅས་ལ་ལྟ་སྐོར་བྱས་པ་དང་། སྲོང་བཙན་སྒམ་པོའི་ཕ་ཡུལ་དང་གནམ་མཐའི་མལ་གྲོ་ཞེས་པའི་2024ལོའི་མལ་གྲོ་གུང་དཀར་སྲོང་བཙན་རིག་གནས་ཡུལ་སྐོར་གཟའ་འཁོར་དང་པད་ཁའི་མེ་ཏོག་ཡུལ་སྐོར་འོས་སྦྱོར་ཚོགས་འདུར་ཞུགས་པ་དང་། ཐོན་རྫས་ཐོན་སྐྱེད་ལས་སྣོན་ནས་བྲིན་ཚོང་བར་དང་། གནམ་མཐའི་མལ་གྲོའི་སྤུས་རྟགས་གཏོད་པ་ནས་ཁྱད་ལྡན་འདེབས་འཛུགས་ཀྱི་དཔལ་འབྱོར་སྟོབས་ཆེན་བསྐྲུན་པའི་བར། ས་གཙང་ཐོན་ལས་དཔལ་འབྱོར་སྟོབས་ཆེན་བསྐྲུན་པ། དམིགས་བསལ་གྱི་འབྱུང་ཁམས་ཡུལ་སྐོར་དཔལ་འབྱོར་གཏོད་པ། ཞིང་ལས་དང་བཟའ་བཅའི་ཐོན་ལས་ཀྱིས་བོད་སྐྱོར་བྱེད་པའི་ད་ལྟའི་གནས་ཚུལ་བཅས་ལ་འཚོལ་ཞིབ་བྱས་ཏེ། ནན་ཅིང་གིས་མལ་གྲོ་སེམས་ལ་བཅངས་ནས་མལ་གྲོ་གུང་དཀར་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགའ་འོས་པའི་འགྱུར་ལྡོག་ལ་མྱོང་རོལ་བྱས་པ་རེད།

གུང་གཞོན་སྡེ་ཚོགས་གྲོང་ཨུད་དང་བླངས་ལས་དོན་པུའི་འབྲེལ་ཡོད་འགན་འཁུར་བའི་སྣེ་ཁྲིད་འོག ལག་ལེན་ཚོགས་པ་ཚེ་སྨོན་གླིང་སྡེ་ཁུལ་དུ་བསྐྱོད་དེ་བོད་ཀྱི་སྲོལ་རྒྱུན་གྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གནའ་བོའི་བཟོ་སྐྲུན་དང་ཁྲོམ་གཞུང་ལ་ལྟ་སྐོར་དང་བཅར་འདྲི་བྱས་ནས། ལོ་1300ལྷག་ཙམ་གྱི་གོང་ནས་ཆགས་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་ལོ་རྒྱུས་དང་རིག་གནས་ཀྱི་མཆོག་ནོར་དེ་དག་ལ་མྱོང་རོལ་བྱས་པ་རེད།

ཚོགས་པས་ད་དུང་གླིང་ལྔ་གྲོང་ཚོའི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་ལ་ལྟ་སྐོར་བྱས་ནས། གསེར་མདོག་གི་མཁའ་རི་དང་། སྔོན་མདོག་གི་ཡེར་པ། སེར་མདོག་གི་གླིང་ལྔ། ལྗང་མདོག་གི་སྤང་སྟོད། དམར་མདོག་གི་ལས་ཁུངས་བཅས་མདོག་ལྔའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤེས་རྟོགས་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་20ཡི་མི་སེམས་འགུལ་བའི་གཏམ་རྒྱུད་ལ་ཉན་པ་རེད། ཕ་ཡུལ་དུ་ལོག་ནས་ལས་ཀ་བྱེད་མཁན་སློབ་ཆེན་སློབ་མ་པད་མ་སྒྲོལ་དཀར་གྱིས་རང་ཉིད་ལྗོངས་ཕྱིར་སློབ་ཆེན་འགྲིམ་སྐབས་རྒྱ་རིགས་གྲོགས་པོ་དང་མཉམ་དུ་ལྷག་བསམ་ཟོལ་མེད་ངང་འགྲོ་འོང་བྱས་པའི་གཏམ་རྒྱུད་མཉམ་སྤྱོད་བྱས་ཡོད།

ཚོགས་པའི་དགེ་སློབ་རྣམས་གྲོང་མིའི་ཁྱིམ་དུ་བསྐྱོད་དེ་གནའ་ཉམམས་དོད་ཅིང་བབ་ཆགས་ཀྱི་དམངས་སྲོལ་དང་། བོད་ལུགས་ཀྱི་ཟས་རིགས། འཚོ་བའི་གོམས་སྲོལ་བཅས་ལ་མྱོང་རོལ་བྱས་པ་དང་། ཆུ་འཁོར་གི་རྩམ་པ་འཐག་སར་ལྟ་སྐོར་བྱས་པ། ཕན་ཚུན་ལེགས་སྐྱེས་ཕུལ་བ། རྒྱ་བོད་རིག་གནས་སྤེལ་རེས་བཅས་བྱས་པ་རེད། ཚོགས་པ་མལ་གྲོ་གུང་དཀར་རྣམ་རྒྱལ་གླིང་གྲོང་ཚོར་བསྐྱོད་དེ་རྟ་མགྲིན་བསོད་ནམས་སོགས་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་བཅུ་ལྷག་ཙམ་ལ་རྒྱ་བོད་རིག་གནས་སྤེལ་རེས་དང་མཉམ་འདྲེས། དུས་རབས་གསར་པ་དང་བོད་ལྗོངས་གསར་པར་བསྟོད་བསྔགས་བྱེད་པར་དམིགས་ནས་སྤེལ་རེས་བྱས་པ་དང་། ས་གནས་དེ་གའི་གཞོན་ནུ་ལོ་ཆུང་ལ་ནན་ཅིང་གི་ལོ་རྒྱུས་རིག་གནས་དང་སློབ་གྲྭའི་འཕེལ་རྒྱས་ངོ་སྤྲོད་བྱས་པར་མ་ཟད། ཚང་མས་ས་གནས་གཉིས་ཀྱི་ཞིམ་ཟས་དང་རིག་གནས་སྤེལ་རེས་ཀྱང་བྱས་པ་དང་། ལྷག་བསམ་ཟོལ་མེད་ཀྱི་འཕྲིན་ཡིག་ཀྱང་བྲིས་ཡོད།

ཆེད་ལས་ལག་ལེན་གྱིས་ལང་ཚོར་སྐུལ་འདེད་དང་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ལེའུ་གསར་པ་བརྩམས།

ཚོགས་པའི་ཁོངས་མི་ཚོས་ཤེས་སྦྱོར་གཅིག་མཐུན་བྱས་ཏེ།བཟའ་བཅའ་དང་བཟའ་བཅའི་བདེ་འཇགས་ཀྱི་ཆེད་ལས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་སྟག་རྩེ་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་འགན་འཁུར་བ་དང་མཉམ་དུ་སྟག་རྩེ་ཆུས་བུ་བཅོལ་ཁང་གཉིས་པར་སློབ་གྲྭའི་ཟ་ཁང་གི་བཟའ་བཅའི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་ལས་དོན་སྤེལ་བ་དང་།སྡེ་ཁུལ་དང་། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-10 6 6 拉萨日报藏文 c186042.html 1 མོ་ལི་དང་སྐལ་བཟང་མེ་ཏོག་མཉམ་དུ་བཞད། ལང་ཚོར་བརྟེན་ནས་རི་ཆུའི་བརྩེ་བ་མཚོན་ཞེས་པའི་མི་རིགས་མཐུན་སྒྲིལ་ལག་ལེན་ཚོགས་པས་རང་གྲོང་དུ་དབྱར་ཁའི་གུང་གསེང་རིང་གི་སྤྱི་ཚོགས་ལག་ལེན་བྱེད་སྒོ་སྤེལ་བ། /enpproperty-->