分享按钮

2024ལོའི་ཁྲོན་བོད་ཀྱི་སྣུམ་ཚོན་རི་མོའི་འགྲེམས་སྟོན་ལྷ་སར་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་3ཉིན། ལྷ་ས་གྲོང་ཁྱེར་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་བོད་ལྗོངས་སྣུམ་ཚོན་རི་མོའི་སློབ་ཚོགས་ཀྱིས་གཙོ་གཉེར་བྱས་པའི་མཉམ་དུ་ཕུགས་འདུན་བཏོད་ནས་ཐུན་མོང་དུ་འོད་སྟོང་གཏོད་ཅེས་པའི་2024ལོའི་ཁྲོན་བོད་ཀྱི་སྣུམ་ཚོན་རི་མོའི་འགྲེམས་སྟོན་དེ་ཁྲེང་ཀོན་ཆུས་ལྷ་ཡུལ་སྒྱུ་རྩལ་ཁང་དུ་གཉེར་བ་རེད།

སྔོ་ཐིང་ཐིང་གི《གནས་ཡུལ་ལུང་ཤུར་གྱི་འབྲོག་ར》དང་།འོད་ཆེམ་ཆེམ་དུ་འཕྲོ་བའི《ར་འོག་མཚེའུ》སོགས་མཛེས་སྡུག་ལྡན་པའི་རི་མོའི་བརྩམས་ཆོས་རེ་རེ་ལས་རྒྱལ་ལམ་318རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་ཡོད། འགྲེམས་སྟོན་བྱ་ཡུལ་དུ་འགྲེམས་སྟོན་ལ་ལྟ་སྐོར་བྱེད་མཁན་རྒྱུན་ཆད་མེད་པར་ཡོང་བ་དང་ཁོང་ཚོས་ས་ལ་བསྡད་ནས་བལྟ་པའམ་ཡང་ན་སྐད་ཤུགས་ཆུང་ངུས་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད།

ད་ཐེངས་ཀྱི་འགྲེམས་སྟོན་ནང་།ཁྲོན་བོད་ས་ཁུལ་གཉིས་ཀྱི་མཛེས་རྩལ་མཁས་ཅན་གྱི་བརྩམས་ཆོས་ཁྱོན་94ཡོད་པ་དང་། བརྩམས་ཆོས་ནང་རྒྱལ་ལམ་318རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཡུལ་ལྗོངས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས།དམངས་སྲོལ་ཡུལ་སྲོལ།དེ་བཞིན་མི་དམངས་མང་ཚོགས་ཀྱིས་རང་བྱུང་ཁམས་ཆེན་མོ་དང་ཞི་མཐུན་མཉམ་གནས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་པའི་གསོན་ཉམས་ལྡན་པའི་རྣམ་པ་མངོན་ཡོད་ཅེས་ལྷ་ས་གྲོང་ཁྱེར་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཡིན་པའི་བསྟན་པ་དབང་ཕྱུག་གིས་ངོ་སྤྲོད་བྱས་པ་རེད།

ད་ཐེངས་སྣུམ་ཚོན་རི་མོ་འགྲེམས་སྟོན་བྱས་པ་དེས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་དང་དུས་མཚུངས་སི་ཁྲོན་དང་བོད་ལྗོངས་ས་གནས་གཉིས་ཀྱི་རིག་གནས་སྒྱུ་རྩལ་སྤེལ་རེས་ལ་སྔར་བས་ཤུགས་སྣོན་ཐེབས་ནས་ས་གནས་གཉིས་ཀྱི་རིག་གནས་དང་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་རྒྱུར་གསོན་ཤུགས་གསར་པ་བསྣན་ཡོད་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-09 6 6 拉萨日报藏文 c186033.html 1 2024ལོའི་ཁྲོན་བོད་ཀྱི་སྣུམ་ཚོན་རི་མོའི་འགྲེམས་སྟོན་ལྷ་སར་གཉེར་བ། /enpproperty-->