分享按钮

(པར་ངོས་དང་པོར་མཐུད) “ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་སྒྱུར་བཅོས་ལ་སྣེ་ཁྲིད་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྕག་སྐུལ་དང་ཚོད་འཛིན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གཏོད་པ་སོགས་བྱེད་དགོས”ཞེས་ཁ་གསལ་བསྟན་ཡོད། དེར་བརྟེན་འབྱུང་འགྱུར་ལ་དམིགས་སྐབས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ན། ད་གཟོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ནུས་ཤུགས་ཆེན་པོ་མཁོ་འདོན་བྱེད་ཐུབ།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་དེ་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རང་རྒྱལ་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ཀྲུང་གོའི་བར་སྣང་ས་ཚིགས་ཁྱོན་ཡོངས་ནས་བསྐྲུན་པ་དངC919གནམ་གྲུ་ཆེན་པོའི་ཚོང་ལས་གཉེར་སྐྱོང་བྱས་པ། ཞུང་ཨན་ཁུལ་གསར་དར་ཞིང་རྒྱས་པ་དང་ཧའེ་ནན་རང་མོས་ཉོ་འཚོང་གྲུ་ཁར་སྒོ་དབྱེའི་རྣམ་པ་གསར་པ་བཏོད་པ། སྣོད་བཅུད་ཁ་གསབ་ལམ་སྲོལ་གྱིས་ཁོར་ཡུག་ཉམས་གསོ་ལ་སྐུལ་འདེད་བཏང་བ་དང་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཀྱིས་ཆུ་བོ་དང་མཚེའུ་ཡུན་རིང་སྐྱོང་རྒྱུར་སྐུལ་འདེད་བཏང་བ་སོགས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་རྒྱུན་འཁྱོངས་བྱེད་པ་ཞིག་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དང་འཚམ་པར་བྱེད་པ་དང་། དོ་མི་མཉམ་ཞིང་འཐུས་ཚང་མིན་པའི་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ། ཉེན་ཁ་དང་འགྲན་སློང་གལ་ཆེན་སྣ་ཚོགས་འགོག་ཅིང་སེལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་བྱ་གཞག་གསར་རྐྱང་ཞིག་ཡིན་པས། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱ་རྒྱུ་དེ་དུས་རབས་གསར་པའི་བསྙོན་མེད་ཀྱི་དོན་དམ་ཞིག་ཏུ་བརྩིས་ཏེ། འཕེལ་རྒྱས་ཀྱི་གོམ་སྟབས་སྔར་ལས་སྲ་ཞིང་བརྟན་པ་དང་། སྔར་ལས་སྟོབས་ཤུགས་ལྡན་པ། སྔར་ལས་གཟི་བརྗིད་ལྡན་པ། སྔར་ལས་བློ་སྟོབས་ཆེ་བ་བཅས་ཡོང་བར་བྱེད་དགོས། སྒྱུར་བཅོས་ནི་གནད་དོན་གྱི་བཙན་ཤེད་ལས་བྱུང་བ་ཞིག་ཡིན་ལ། རྒྱུན་ཆད་མེད་པར་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་དུ་གཏིང་ཟབ་ཏུ་གཏོང་བཞིན་ཡོད། མིག་སྔར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ནི་སྔར་བཞིན་འཕེལ་རྒྱས་དོ་མི་མཉམ་ཞིང་འཐུས་ཚང་མིན་པ་དེ་ཡིན་པ་སྟེ། དཔེར་ན། ཁྲོམ་རའི་མ་ལག་སྔར་བཞིན་འཐུས་ཚང་མིན་པ་དང་། གསར་གཏོད་ནུས་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་མི་འཚམ་པ། ཐོན་ལས་མ་ལག་སྤྱི་ཡོངས་ཆེ་ཡང་སྟོབས་ལྡན་མིན་པ་དང་ཆ་ཚང་ཡང་སྤུས་ལེགས་མིན་པ། ཞིང་ལས་ཀྱི་རྨང་གཞི་ད་དུང་བརྟན་པོ་མེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་ཧེ་བག་སྔར་བཞིན་ཅུང་ཆེ་བ། དམངས་འཚོ་འགན་སྲུང་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་སྔར་བཞིན་ཞན་ཆ་ཡོད་པ་སོགས་ལྟ་བུའོ།གནད་དོན་དེ་དག་ཚང་མ་ནི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་གི་མཚོན་ཚུལ་དང་། འཕེལ་རྒྱས་འགྲོ་བཞིན་པའི་ཁྲོད་ཀྱི་གནད་དོན་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་ནས་བསྒྱུར་བཅོས་སྔར་ལས་ཟབ་ཏུ་གཏོང་དགོས་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་གྱི་ཐོག་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གནད་དོན་འཛིན་ཕྱོགས་མངོན་གསལ་དོད་དུ་བཏང་སྟེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་ཚོད་འཛིན་ཕོག་པའི་གནད་དོན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་གནད་ཐག་གཅོད་ཧུར་ཐག་བྱེད་དགོས”ཞེས་ནན་གྱིས་བསྟན་ཡོད། ཚན་རྩལ་སྒྲིག་སྲོལ་གྱི་བསྒྱུར་བཅོས་དཔེར་བཞག་ན། ལས་གནས་དང་ཚན་རྩལ་གྲུབ་འབྲས་ཀྱི་དབང་ཆ་སྤྲོད་ལེན་སྒྱུར་བཅོས་ཀྱིས“ཆ་ཤས་ཀྱི་དབང་ཆ་སྤྲོད་ལེན”གྱི་ཚད་བཀག་ལས་བརྒལ་ཏེ། ཚན་རིག་ཞིབ་འཇུག་མི་སྣར་ལས་གནས་དང་ཚན་རྩལ་གྲུབ་འབྲས་ཀྱི་བདག་དབང་ངམ་ཡང་ན་ཡུན་རིང་བེད་སྤྱོད་དབང་ཆ་སྤྲོད་རྒྱུར་ཚོད་ལྟ་བྱས་ནས་ཚན་རིག་ཞིབ་འཇུག་པའི་གསར་གཏོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། མིག་སྔར་ཕུའུ་ཏན་སློབ་ཆེན་དང་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་སོགས་ཧྲང་ཧའེ་སློབ་ཆེན་སློབ་གླིང་6གིས་ཚོད་ལྟའི་ལས་འགན་ལེགས་གྲུབ་ཟིན་པ་དང་གྲུབ་འབྲས་ཁག་675ལ་དབང་ཆ་སྤྲད་ནས་ལག་ལེན་བསྟར་ཟིན་པ་དང་། ཕྱོགས་བསྒྱུར་དངུལ་གྲངས་སྒོར་དུང་ཕྱུར་10.66ཟིན་ཡོད། གནད་དོན་ལ་ཐད་ཀར་གདོང་གཏད་ནས་དཀའ་གནད་བསལ་ན་གཞི་ནས་སྒྱུར་བཅོས་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་ཐུབ་པས། གནད་དོན་འཛིན་སེམས་ཇེ་ལེགས་སུ་གཏོང་བ་དང་གནད་དོན་འཛིན་ཕྱོགས་འབུར་དུ་ཐོན་པར་བྱས་ཏེ། མུ་མཐུད་ཁྱོན་ཡོངས་ལ་འབད་བརྩོན་བྱས་ནས་སྒྱུར་བཅོས་བྱེད་ཐབས་ཁག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་གནད་དོན་གཙོ་བོ་སེལ་བར་ཁྱབ་པར་བྱེད་པར་མ་ཟད། མུ་མཐུད་གཏིང་ཟབ་ཏུ་གཏོང་བའི་ཐད་ལའང་ཤུགས་བརྒྱབ་ནས་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་བསལ་ཚེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་ཐུབ།

ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་600ལས་བརྒལ་བ་དང་། རྒྱལ་ནང་གི་གསར་གཏོད་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་ཁྲི་442.5ཟིན་པ། རླུང་གློག་དང་འོད་གློག་གི་གློག་འདོན་ཤུགས་རིམ་རྩིས་བྱས་ན་ཆན་ཝ་དུང་ཕྱུར་11ལས་བརྒལ་བ་སོགས་གྲུབ་འབྲས་རེ་རེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་མཚོན་ཡོད། སྒྱུར་བཅོས་མཐར་ཕྱིན་བྱེད་པའི་ཆོད་སེམས་བརྟན་པོ་ལ་བརྟེན་ནས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ན། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་ཐུབ་ཅིང་། རང་འགུལ་དང་། ལེགས་ཆ། འབྱུང་འགྱུར་བཅས་ཟམ་མི་ཆད་པར་ཐོབ་ཐུབ་ངེས་རེད།

(《མི་དམངས་ཉིན་རེའི་ཚགས་པར》གཞིར་བཟུང)

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-09 6 6 拉萨日报藏文 c186032.html 1 /enpproperty-->